འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁག་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་དང་བཟོ་འཕྲིན་པུའུ་ཡིས་ཁག་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག(གཤམ་ལ་དཀར་ཆག་ཅེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ནས་ཁྱོན་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་383བདམས་པ་དང་དེ་དག་ཚོན་ཁྲ་ཅན་གྱི་འཚེམ་དྲུབ་དང་། གྱོན་ཆས་བཟོ་བ། བསླས་འཐག འཇིམ་བརྙན། ཁྱིམ་ཆས་བཟོ་བ། ལྕགས་རིགས་ལས་སྣོན། ཤོག་དྲས། རྫ་ཆས་ལ་སོ་གཏོང་བ། དཔེ་ཁང་བཟོ་སྐྲུན། ཚོན་རྩིའི་ཡོ་བྱད། པར་རྒྱག་མཛེས་བཟོ། བཟའ་བཅའ་བཟོ་བ། ཀྲུང་ལུགས་སྨན་རྫས་བཟོ་བ། ཡོ་བྱད་བཟོ་བ་སོགས་རིགས་14དང་འབྲེལ་བ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཁག་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་དཀར་ཆག་གི་རྨང་གཞིའི་ཐོག་ཁྱབ་ཆེ་ལ་འབོར་མང་བ་དང་རྒྱུན་འཛིན་པའི་མི་ཚོགས་ཅུང་མང་བར་གཙོ་གནད་དུ་བསམ་གཞིག་བྱས་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་བམ་ཡང་ན་ས་གནས་ཀྱི་སྤུས་རྟགས་ཀྱི་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་ཤིག་ཆགས་པ་དང་ཆབས་ཅིག་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་སུ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ལས་ཞུགས་རྒྱ་ཆེར་གཏོང་བའི་རྣམ་གྲངས་ལ་གཟིགས་སྐྱོང་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།