འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁ་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”གིས་ས་གནས་དེའི་དམངས་
    འཚོ་ལེགས་སུ་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཐུབ་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། སི་རི་ལན་ཁའི་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་སྤྱིའི་ཚོང་དོན་པུའུ་ཀྲང་ས་མ་ལ་ཝེ་ཁེ་ལ་མཱ་ཡིས་སི་རི་ལན་ཁ་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་ཏེ་ས་གནས་དེའི་མི་སེར་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
         གོང་ཚེས་ཉིན། ས་མ་ལ་ཝེ་ཁེ་ལ་མཱ་སིས་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“ཕྱར་བ་གྲུ་འདེགས་ངང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད—‘རྒྱུད་གཅིག་ལམ་གཅིག’བསྐྲུན་ནས་སི་རི་ལན་ཁའི་ཕུགས་འདུན་འགྲུབ་རོགས་བྱེད”ཅེས་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ཁོང་གིས་ཚོགས་འདུའི་ཐོག་སི་རི་ལན་ཁ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ་དང་རྣམ་གྲངས་ཆེན་པོའི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་སི་རི་ལན་ཁའི་སྤྱི་ཚོགས་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
         ས་མ་ལ་ཝེ་ཁེ་ལ་མཱ་ཡིས་ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛའ་གྲོགས་དང་དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་སྔར་བས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཞུའེ་ཡོན་གྱིས་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་ཁྲིད་འོག་སི་རི་ལན་ཁ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
         ཁོ་ལོན་པོའི་གྲུ་ཁའི་གྲོང་དང་ཧན་པན་ཐུའོ་ཐ་གྲུ་ཁ་སོགས་ཀྲུང་གོ་དང་སི་རི་ལན་ཁའི་མཉམ་ལས་རྣམ་གྲངས་ཀྱི་འགན་འཁུར་བས་ད་དུང་དེ་ཉིན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་རྣམ་གྲངས་ཀྱི་འཕེལ་ཚུལ་ཞིབ་ཕྲ་ངོ་སྤྲོད་ཀྱང་བྱས་པ་རེད།
         ཧན་པན་ཐོའུ་ཐ་རྒྱལ་སྤྱིའི་གྲུ་ཁ་ཚོགས་པའི་དབུ་བཞུགས་གཉེར་སྐྱོང་དཔོན་ཝེ་ཁེ་ལེ་མ་ཤིན་ཀེ་ཡིས་ན་ནིང་གི་ལོ་མཇུག་ནས་སི་རི་ལན་ཁ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་ངང་ཧན་པན་ཐོའུ་ཐ་གྲུ་ཁ་ཐུན་མོང་ཐོག་གཉེར་སྐྱོང་བྱས་ཚུན་གྲུ་ཁའི་ལས་སྒོར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། འདི་ལོའི་ཟླ་1ནས་4པ་བར་ཧན་པན་ཐོའུ་ཐ་གྲུ་ཁས་འགྲོ་འོང་བྱེད་མཁན་གྲུ་གཟིངས་132ལ་གྲུ་ཁའི་ཞབས་ཞུ་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཀྲུང་གོ་མཚོ་ཁུག་ཁོ་ལོན་པོ་གྲུ་ཁའི་གྲོང་ཚད་ཡོད་འགན་འཁྲི་ཀུང་སིའི་དབུ་བཞུགས་ཁྲོམ་རའི་གཉེར་ཚོང་དཔོན་ལེའང་ཧའོ་མིང་གིས་ཚོགས་འདུའི་ཐོག་རྣམ་གྲངས་ཀྱི་མཚོ་སུབ་ལས་དོན་མཇུག་འགྲིལ་གྲབས་ཡོད་པས་གྲོང་ཁྱེར་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་ཀའང་2020ལོར་མཇུག་འགྲིལ་རྒྱུ་རེད། འབྱུང་འགྱུར་གྲུ་ཁའི་གྲོང་དུ་རིམ་པ་མཐོ་བའི་མགྲོན་ཁང་དང་། རྒྱལ་སྤྱིའི་སློབ་གྲྭ འགྲེམས་ཚོགས་ལྟེ་གནས་སོགས་སྒྲིག་བཀོད་བསྐྲུན་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།