འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོམ་ཕུ་ཡིས་ཨ་རི་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་དབར་གྱི་ཐུག་འཕྲད་ཧ་ལམ་ཕྱིར་
    འགྱངས་བྱ་རྒྱུ་ཡིན་ཞེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐེ་རོམ་ཕུ་ཡིས་ཨ་རི་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་དབར་གྱི་ཐུག་འཕྲད་ཧ་ལམ་ཕྱིར་
འགྱངས་བྱ་རྒྱུ་ཡིན་ཞེས་བཤད།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཁོང་དང་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དབར་གྱི་ཐུག་འཕྲད་ཧ་ལམ་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཐེ་རོམ་ཕུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་རུ་འཚམས་འདྲིར་སླེབས་པའི་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་ཡོན་དང་མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་བྱེད་སྐབས་ཁོང་དང་ཅིན་ཀྲེང་ཨེན་བར་གྱི་ཐུག་འཕྲད་དེ་ཟླ་6ཚེས་12ཉིན་སྤེལ་མི་ཐུབ་ཞེས་བཤད་པ་རེད། ཁོང་གིས་གལ་ཏེ་ཐུག་འཕྲད་དུས་བཀག་ལྟར་བྱ་མི་ཐུབ་ན། ཕྱི་འགྱངས་བྱས་ནས་ཐུག་འཕྲད་བྱ་རྒྱུ་ནི་མིག་སྔར་འབྲེལ་བ་བྱེད་བཞིན་ཡོད་ཅེས་བཤད་པ་རེད། 
        ཐེ་རོམ་ཕུས་ད་དུང་ཨ་རིས་ཐུག་འཕྲད་བྱ་རྒྱུར་ཆ་རྐྱེན་བཏོན་ཡོད་པས་གལ་ཏེ་བླང་བྱ་དེ་བསྐངས་མ་སོང་ན་ཐུག་འཕྲད་བྱ་ཐུབ་རྒྱུ་མ་རེད་ཅེས་བཤད། ཐེ་རོམ་ཕུ་ཡིས་ཟླ་འདིའི་ཚེས་10ཉིན་ལ་ཟླ་6ཚེས་12ཉིན་སི་ཀ་ཕོར་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།