འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་སོགས་སྡེ་ཚན་ལྔས“དུས་རབས་གསར་
    པའི་ལོ་ཆུང་བཟང་པོའི”སྔོན་ཐོན་བྱས་རྗེས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་དེར་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་མི་རབས་རྗེས་མར་དོ་ཁུར་ལས་དོན་ཨུ་ལྷན་བཅས་ཀྱིས་ཧོ་ནན་ལུའོ་དབྱང་དུ་གཉེར་བའི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་ཕུལ་བྱུང་གཞོན་ནུ་ལོ་ཆུང་10ཡི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་པ་རེད།
         གཞོན་ནུ་ལོ་ཆུང་10པོ་དེ་དག་ནི་ཉེ་བའི་ལོ་ཤས་རིང་ས་གནས་ཁག་ཏུ་སྤེལ་བའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྩོན་ལེན་བྱེད་པའི་བྱེད་སྒོའི་ནང་འབུར་དུ་ཐོན་པའི་སྔོན་ཐོན་དཔེ་མཚོན་ཞིག་རེད། ཁོང་ཚོའི་གྲས་སུ་སྤྱི་ཕན་ལ་དགའ་བ་དང་དང་བླངས་ཞབས་ཞུ་ཆུ་ཚོད་2600ལྷག་ཙམ་བྱེད་མཁན་སྐར་ལྔའི་དང་བླངས་པ་ཆུང་ཤོས་ཏེའོ་ཤིན་ཡུས་དང་། མི་གཞན་ལ་སེམས་ཁུར་བྱས་ཏེ་ལོ་མང་པོ་བསྟུད་མར་མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་ཕྲུ་གུར“གཅེས་སེམས་བཟའ་བཅའ”བསྐྱལ་བ་དང་སྒལ་ཚིགས་གུག་པའི་ནད་པ་སྐྱོབ་རོགས་བྱེད་མཁན་སེམས་བཟང་ཅན་གྱི་བུ་མོ་ཤེ་དབྱི། ཚན་རིག་ལ་དགའ་ཞེན་དང་རྐུབ་སྟེགས་འཁོར་ལོ་ཅན་ཐོག་གསར་གཏོད་བརྩོན་ཞིབ་བྱེད་མཁན“ཧོ་ཅིན་ཆུང་ཆུང”ཁྲེན་ཙི་ཕུང་། གསར་གཏོད་བྱེད་ཕོད་པ་དང་ལོ་9ནས“རྐང་སུག་གཏན་འཇགས་སྒྲོམ”དང“ནུས་མང་འགེལ་ཀྱུ”སོགས་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན“ཚན་རྩལ་དར་པ”ཡུས་གོ གཞན་ཕན་བསྒྲུབ་རྒྱུར་དགའ་བ་དང་ལོ་མང་རིང་བྱིས་པའི་སྦྲིད་ནད་ཕོག་པའི་སློབ་གྲོགས་རྒྱབ་ཏུ་འཁུར་ནས་སློབ་གྲྭ་བསྐྱོད་མཁན་སེམས་བཟང་ལོ་ཆུང་ཝང་ཞའོ་ཧུའུ། དྲིན་ལན་འཇལ་ཏེ་ནད་ཕོག་པའི་མ་གཡར་ལྟ་རྟོག་བྱེད་མཁན་ཕ་མར་བསྙེན་བཀུར་ཆེ་བའི་བུ་མོ་ཝུན་མིང་། སྣང་བ་སྐྱིད་ལ་ཡར་བརྩོན་ཆེ་བ་དང་རྨོ་བོ་ལགས་དང་གཞིས་སྲུང་རྒན་རྒོན་གཞན་དག་ལྟ་རྟོག་བྱེད་མཁན་རང་རྐྱ་འཕེལ་བའི་གཞིས་ལུས་བུ་མོ་ལིའུ་ཅ། ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་དང་སློབ་གྲོགས་སྒྲིག་འཛུགས་བྱས་ཏེ་ལྷོ་ཆུ་བྱང་འདྲེན་མ་ཡུར་སྲུང་མཁན“ཁོར་ཡུག་སྲུང་སྐྱོང་གི་སྐུ་སྲུང་བ་ཆུང་ཆུང”ཀྲང་ཞའོ་རུའུ། རིག་གནས་རྒྱུན་འཛིན་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་དར་སྤེལ་ཧུར་ཐག་གཏོང་མཁན“ཤེས་ལྡན་པ་ཆུང་ཆུང”ཧྲུའུ་ཝུན་ཅིང་། སློབ་ལ་བརྩོན་ཞིང་བསམ་གཞིག་བྱ་རྒྱུར་དགའ་བ་དང་འགྲན་སློང་དང་ལེན་བྱེད་ཕོད་མཁན་སྙིང་སྟོབས་ལྡན་པའི་བུ་ཁྲེན་ཅ་ཀེང་བཅས་ཡོད།
         ཡོངས་བསྒྲགས་བྱེད་སྒོའི་ཐོག་བརྙན་ཐུང་དང་། གཏམ་རྒྱུད་བརྗོད་པ། ཡུལ་དེ་རང་དུ་སྤེལ་རེས་སོགས་ཀྱི་བྱེད་སྟངས་ཐོག་ནས“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སྔོན་ཐོན་བྱས་རྗེས་གསོན་ཉམས་དོད་པའི་ངང་མངོན་ཡོད། སློབ་མའི་འཐུས་མིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་འདོད་ཕྱོགས་གཏན་འཁེལ་དང་། ཕུགས་བསམ་ཡོད་པ། སློབ་སྦྱོང་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན་བཅས་བྱས་ཏེ་ལོ་ཆུང་དུས་ནས་མི་ཚེའི་ལམ་བུ་ཡག་པོ་འདེམས་པ་དང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།