འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་ནི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད་པའི་ཇུས་ཆེན་ཞིག་རེད། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་ཁུར་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་རེད།
         སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་དང་ཐོག“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། དཀའ་ཚེགས་ཆེ་བ་བཅས་ཡོད་པ་དང་། དེ་ནི་དམག་འཐབ་ཆེན་པོ་དང་། ཛ་དྲག་གི་དམག་འཐབ། དཀའ་ཚེགས་ཆེ་བའི་དམག་འཐབ་བཅས་ཡིན་པས་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས”ཞེས་མཛུབ་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་ཀྱི་རང་བཞིན་དང་། ཁ་ཕྱོགས་འགྱུར་འཚམས་ཀྱི་རང་བཞིན། སྤྱི་ཡོངས་ཀྱི་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་དོན་གྱི་ཆེས་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པས་ཡིན། “སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནོན་ཤུགས་ཉིས་བརྩེགས་དང་། འགན་འཁྲི་ལྕི་པོ་ཁུར་ནས་མདུན་དུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། དེ་བས་ལེགས་པའི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་སྐོང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་པ། སྣོད་བཅུད་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཀྱི་ཆ་རྐྱེན་འཛོམས་པའི་ལེགས་ལྡན་དུས་སྐབས་སུ་སླེབས་པ”བཅས་ཀྱི་འགག་རྩའི་དུས་སྐབས་ཀྱི་མདུན་དུ།
         ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་བརྡར་ཤ་བཅད་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་ལམ་རིས་དང་དུས་ཚོད་རེའུ་མིག་གསལ་སྟོན་བྱས་པ་དང་འབྲེལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དོན་འཁྱོལ་ནན་པོ་བྱེད་རིང་ཆབ་སྲིད་ཀྱི་འགན་འཁྲི་མངོན་པ་དང་དོན་དངོས་ལས་དོན་ནང་འགན་འཁྲིའི་བསམ་པ་མངོན་པར་བྱེད་དགོས།
         སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར“འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་གཙོ་བོ་ནི་སྲིད་འཛིན་ཁྱབ་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བ་ཨང་དང་པོ་དེ་ཡིན་པས། སྲིད་འཛིན་ཁྱབ་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཀྱི་སྤྱི་འགན་ཁུར་ནས་ལས་དོན་གལ་ཆེན་རང་ངོ་མས་བཀོད་སྒྲིག་བྱེད་པ་དང་། གནད་དོན་གལ་ཆེན་རང་ངོ་མས་འདྲི་བ། ལྷུ་ཚིགས་གལ་ཆེན་རང་ངོ་མས་མཐུན་སྦྱོར་བྱེད་པ། གྱོད་དོན་གལ་ཆེན་རང་ངོ་མས་སྒྲུབ་འགན་འཁུར་བ་བཅས་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དཀྲིས་དང་རིམ་པ་བཞིན་དོན་འཁྱོལ་ཐུབ་པ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁུར་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པ། ལས་བགོས་རོགས་ལས་བྱེད་པ། ནུས་ཤུགས་མཉམ་འདོན་བྱེད་པ་བཅས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་དཔྱད་ཞིབ་གདེང་འཇོག་གི“ཕྱོགས་སྟོན་དབྱུ་གུ”འདི་ཡག་པོ་སྤྱོད་དགོས། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཟོ་མཁན་གྱི་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་དངོས་འབྲེལ་གཏོང་བ་དང་། འགན་འཁྲི་རྩད་གཅོད་བྱེད་ཕོད་པ། འགན་ཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་བྱས་ནས་ཚེ་གང་འགན་འཁྲི་རྩད་གཅོད་ཐུབ་པ་བྱས་ཚེ། གཞི་ནས་ལམ་ལུགས་དེ“ཐོ་ཡོར”དང་། “ཤོག་བུའི་སྟག”“འགྱིག་ཐག”བཅས་ལྟ་བུར་འགྱུར་མི་སྲིད། ཚན་རིག་ལུགས་མཐུན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་བསྐྲུན་ནས་དཔྱད་ཞིབ་བྱས་འབྲས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་དགའ་ཆད་གཅོད་དང་གནས་སྤོར་བེད་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཚེ་གཞི་ནས་ཡང་དག་པའི་ཕྱོགས་སྟོན་འགྲུབ་ཐུབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱས་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། འགན་འཁྲི་འཁུར་ཕོད་པ། གཞན་ལས་ལྷག་པའི་དཀའ་སྡུག་མྱོང་ཐུབ་པ་དང་། གཞན་ལས་ལྷག་པའི་དམག་འཐབ་བྱེད་ཕོད་པ། གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཡོང་བ་བྱས་ཚེ། གཞི་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་རྩ་འཛུགས་ཀྱི་རྨང་གཞི་བཟང་པོ་འདིང་ཐུབ།
         སྣོད་བཅུད་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཏེ་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་ཉིད་མི་དམངས་ཀྱི་འཚོ་བའི་ཡོང་འབབ་འཕར་ས་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་འདེགས་གཞི། རང་རྒྱལ་གྱི་གཟུགས་བརྙན་བཟང་པོ་མངོན་པའི་ཤུགས་རྒྱག་གཞི་བཅས་སུ་འགྱུར་བ་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་པོའི་གནམ་དེ་བས་སྔོ་བ་དང་། རི་བོ་དེ་སྔོ་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བ་བྱས་ཚེ། ང་ཚོས་དུས་རབས་དང་། མི་དམངས། ལོ་རྒྱུས་བཅས་ལ་ངོ་མི་གནོང་བའི་བྱས་རྗེས་བཏོད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།