འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དེ་སྔོན་དུ་འཕེལ་རྒྱས་གཏོང་
    བའི་འཐབ་ཇུས་གནས་བབ་ཐོག་འཇོག་རྒྱུ་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ཉིན། རེ་ནེ་ཝར་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཞའོ་ཝེས་ཀྲུང་གོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དེ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་རྒྱུ་དང་། སྤུས་ལེགས་ནུས་མཐོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩི་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་འཁུར་རང་བཞིན་དེ་ལས་དོན་གྱི་འགག་རྩར་བརྩི་རྒྱུ། སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བརྩི་རྒྱུ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རིམ་བཞིན་འཚོལ་ཞིབ་དང་གཏོད་བཞིན་ཡོད་ཅེས་བསྟན་པ་རེད།
         མ་ཞའོ་ཝེས་ཉིན་དེར་འགོ་ཚུགས་མ་ཐག་པའི་སྐབས་71པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག“མི་ཚང་མས་བདེ་ཐང་ལོངས་སྤྱོད་བྱེད། དམངས་ཡོངས་ཀྱི་བདེ་ཐང་ཕྱོགས་ཡོངས་ལ་ཁྱབ་ཐུབ་པའི་ཁས་ལེན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་སྤེལ་བ་རེད། ཁོང་གིས་གཏམ་བཤད་སྤེལ་སྐབས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། བདེ་ཐང་དོ་མཉམ་མེད་པ་ཉུང་གཏོང་དང་མིའི་རིགས་ཡོངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
         མ་ཞའོ་ཝེས་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་ཐུབ་རྒྱུར་རོགས་སྐྱོར་བྱས་ཡོད་ཅེས་བཤད་པ་དང་། ཡང་ཁོང་གིས་འདི་ལོ་ནི་ཀྲུང་གོས་ཕྱི་རྒྱལ་དུ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་མངགས་གཏོང་བྱེད་ནས་ལོ་55ཕྱིན་པའི་ལོ་ཡིན་པ་དང་ལོ་55རིང་རིམ་རྩིས་བྱས་ན་ཀྲུང་གོས་རྒྱལ་ཁབ་69ལ་སྨན་བཅོས་རུ་མི་མི་ཐེངས་ཁྲི་2.5བཏང་ཡོད་པ་རེད།
         སྐབས་71པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚེས་21ཉིན་སུའེ་ཙེར་གྱི་རེ་ནེ་ཝར་འགོ་ཚུགས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མི་194ནས་ཡོང་བའི་འཐུས་མི་མི་གྲངས་4000ཙམ་ཚོགས་འདུར་ཞུགས་ཡོད་པ་དང་སྐབས་འདིའི་ཚོགས་ཆེན་ཉིན་6བསྟུད་མར་འཚོག་རྒྱུ་རེད། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐབས་ཇུས་སྒྲིག་གཞི་མཐོ་ཤོས་དེ་ཡིན་པ་དང་རྒྱུན་དུ་ལོ་རེའི་ཟླ་ལྔ་པར་རེ་ནེ་ཝར་འཚོག་གི་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།