འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུག་རེན་གྱི་དཔོན་རིགས་ཀྱིས་ཡུག་ཀྲུང་གི་ཚན་སློབ་མཉམ་ལས་ཐད་གདེང་འཇོག་གང་
    ལེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཡུག་རེན་གྱི་ཚན་སློབ་བྱ་གཞག་གི་གཟེངས་བསྟོད་ཚོགས་འདུའི་ཐོག་ཡུག་རེན་གྱི་སློབ་གསོ་དང་ཚན་རིག་པུའུ་ཀྲང་ལི་ལི་ཡ·ཀེ་ལི་ཉི་ཝེ་ཆིས། ཉེ་བའི་ལོ་ཤས་རིང་ཡུག་ཀྲུང་གི་ཚན་སློབ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཡུག་རེན་ཕྱོགས་ཀྱིས་ཚན་སློབ་ཁྱབ་ཁོངས་ཀྱི་མཉམ་ལས་དེ་ཐོག་མཐའ་བར་གསུམ་དུ་ཡུག་ཀྲུང་འབྲེལ་བའི་ཁྲོད་གལ་འགངས་ཆེ་ཤོས་ཀྱི་ནང་དོན་ཞིག་ཏུ་རྩིས་ཀྱི་ཡོད་པས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།
         ཀེ་ལི་ཉི་ཝེ་ཆིས་ན་ནིང་ཟླ་6པར་ཀྲུང་གོའི་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་ཚོགས་པའི་སྣེ་ཁྲིད་ནས་ཡུག་རེན་ལ་འཚམས་འདྲི་བྱས་པས་ཡུག་ཀྲུང་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་མཉམ་ལས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཁ་ཕྱོགས་དང་བྱེད་སྒོ་གལ་ཆེན་གཏན་འཁེལ་བྱས་པ་མ་ཟད། རིག་གཞུང་སྤེལ་རེས་དང་སློབ་གྲྭའི་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ། རྒྱ་སྐད་དང་ཡུག་རེན་སྐད་ཀྱི་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ། ཡུག་ཀྲུང་སློབ་གསོ་ཡན་ལག་ཨུ་ལྷན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་སྔར་བས་གཏིང་ཟབ་བྱ་རྒྱུའི་གྲོས་མོལ་ཡང་བྱས་ཡོད་ཅེས་བཤད།
         ན་ནིང་ལོ་མཇུག་ཏུ་ཡུག་ཀྲུང་ཚན་རྩལ་མཉམ་ལས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཚན་རྩལ་གསར་གཏོད་འགྲེམས་སྟོན་དེ་ཁེ་ཝིར་བདེ་བླག་ངང་གཉེར་ནས་རྒྱལ་ཁབ་གཉིས་ཀྱི་ཚན་ཞིབ་ཁང་དང་སོའོ་མཉམ་ལས་དམ་ཟབ་དང་དེ་བཞིན་ཚན་རྩལ་ཤེས་ལྡན་པའི་སྤེལ་རེས་ལ་སྐུལ་མ་གཏོང་ཆེད་ལས་སྟེགས་ཡག་པོ་མཁོ་འདོན་བྱས་ཡོད། “ཡུག་ཀྲུང་གི་ཚན་རྩལ་སློབ་གསོའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པ་ང་ལ་ཡིད་ཆེས་ཡོད”ཅེས་ཁོང་གིས་ནན་བཤད་བྱས།
         གཟེངས་བསྟོད་ཚོགས་འདུའི་ཐོག་ཡུག་རེན་གྱི་སློབ་གསོ་དང་ཚན་རིག་པུས་རྒྱལ་ཁབ་དེའི་ཚན་རིག་སློབ་གསོའི་ཁྱབ་ཁོངས་ཀྱི་ཕུལ་བྱུང་ལས་དོན་པ་བཅུ་ལ་གཟེངས་བསྟོད་ལག་ཁྱེར་སྤྲད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།