འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཀྲུང་དབྱང་ཁེ་ལས་ཀྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་དུ་མ་དངུལ་སྒོར་དུང་ཕྱུར་5.9
    བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་དབྱང་ཁེ་ལས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ས་གནས་ས་ཐོག་གི་སྐུལ་གཏོང་ཚོཌ་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་246ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དེས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་བསྡོམས་འབོར་གྱི་42%བཟུང་ཡོད་པ་དང་ལྷག་པར་དུ“ས་ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཆ་སྒྲིག་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་79ཡོད་པ་རེད། 
         2017ལོ་ནས་བཟུང་། དབུལ་སྐྱོར་རྣམ་གྲངས་སྣ་ཚོགས་1500ལྷག་ཙམ་ལག་བསྟར་བྱས་པར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.9བཏང་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་40བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། གྲོང་མིའི་འཚོ་བའི་ཆུ་ཚད་མཐོར་གཏོང་། རང་བྱུང་སྣོད་བཅུད་ཁོར་ཡུག་ལེགས་བཅོས་སོགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
         ཀྲུང་དབྱང་ཁེ་ལས་ཀྱིས་ད་དུང་དབུལ་སྐྱོར་བྱ་ཐབས་གསར་གཏོད་བྱས་པ་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཐུན་མོང་ཐོག་མ་དངུལ་བཏང་ནས་གཞུང་རྒྱུ་ཨུ་ལྷན་གྱིས་སྣེ་ཁྲིད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་ས་ཁུལ་དབུལ་པོའི་ཐོན་ལས་མ་འཇོག་ཐེབས་རྩ་བཙུགས་ནས་2018ལོའི་ཟླ་4བར་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་154ཟིན་པ་དང་། རིམ་རྩིས་ལྟར་ན། རྣམ་གྲངས་45ལེགས་གྲུབ་ཟིན་ཡོད། རང་ཉིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་92བཏང་བ་དང་སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་1000ཡན་རག་ཐབས་བྱས་པ་དེ་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་14ཚང་མར་ཁྱབ་པ་བྱས་པའི་ཁྲོད“ས་ཁུལ་གསུམ་དང་ཀྲོའུ་གསུམ”ལ་མ་དངུལ་སྒོར་དུང་ཕྱུར་14.4བཏང་ནས་མི་འབོར་དབུལ་པོ་ཁྲི་1.2ཕྱུག་པོ་ཆགས་པའི་སྣེ་འཁྲིད་ཐུབ་རྒྱུ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།