འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་དཔྱིད་འདེབས་ལོ་ཏོག་སྣ་ཚོགས་བཅུ་ཆ་བརྒྱད་ཙམ་བཏབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་24ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་དཔྱིད་འདེབས་མཇུག་འགྲིལ་ཉེར་ཡོད་ཅིང་། ཞིང་ལས་གྲོང་གསེབ་པུའུ་ཡི་ཞིང་བབ་བཀོད་གཏོང་ལ་གཞིགས་ན། ཟླ་5ཚེས་17ཉིན་བར་རྒྱལ་ཡོངས་ཀྱི་དཔྱིད་འདེབས་ཀྱི་ལོ་ཏོག་སྣ་ཚོགས་བཅུ་ཆ་བརྒྱད་ཙམ་བཏབ་ཚར་བ་དང་། འཕེལ་རིམ་ལོ་གོང་མའི་དུས་མཚུངས་ལས་མགྱོགས་པ་ཡོད་པས་དཔྱིད་འདེབས་བྱེད་ཚུལ་སྤྱིར་ན་བདེ་བླག་བྱུང་ཡོད་པ་རེད།
         འདི་ལོ་ནས་བཟུང་། ས་ཁུལ་ཁག་གིས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་གཙོ་གནད་ལ་དམ་པོར་དམིགས་ནས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔྱིད་འདེབས་ལས་སྒྱུར་བཅོས་ཀྱི་ཁྱད་འཕགས་མངོན་ཡོད། ཞིང་ལས་ཐོན་རྫས་སྤུས་ཚད་སྒྱུར་བཅོས་ཁྲོད་ལེགས་སུ་ཕྱིན་པ་དང་ཞིང་ལས་ཐོན་རྫས་ཀྱི་གྲུབ་ཆ་སྒྱུར་བཅོས་ཁྲོད་དེ་བས་ལུགས་མཐུན་བྱུང་ཞིང་། སྔ་སྨིན་འབྲས་འདེབས་འཛུགས་མཇུག་འགྲིལ་རྗེས་སྐྱེ་འཚར་ཅུང་ལེགས་པ་དང་། བར་སྨིན་འབྲས་ལྗང་གསོ་རྒྱུ་མཇུག་འགྲིལ་རྗེས་འཕེལ་རིམ་ཅུང་མགྱོགས་པ། དཔྱིད་འདེབས་ཀྱི་མ་རྨོས་ལོ་ཏོག་བཏབ་ཚད་བཅུ་ཆ་དགུ་ཟིན་ནས་མྱུ་གུ་འབུས་ཚད་རྒྱུན་གཏན་ཡིན་པ། དཔྱིད་འདེབས་སྲན་ཆེན་འདེབས་ཚད་བཅུ་ཆ་བདུན་ཟིན་ནས་རྒྱ་ཁྱོན་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། འོན་ཀྱང་མིག་སྔར་བྱང་ཤར་ས་ཁུལ་ཁག་གཅིག་ཏུ་བཞའ་ཚན་ཆུང་བའི་དབང་གིས་མ་རྨོས་ལོ་ཏོག་སོགས་སྐམ་ཞིང་གི་ལོ་ཏོག་མུ་གུ་འབུས་རྒྱུར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ཟླ་5པའི་ཚེས་17ཉིན་བར་བྱང་ཤར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ལ་བཞའ་ཚན་ཆུང་བའི་རྒྱ་ཁྱོན་མུའུ་ཁྲི་3500(ཅི་ལིན་གྱི་མུའུ་ཁྲི་2300ལྷག་ཙམ)ཟིན་ཡོད་པའི་ཁྲོད་མུའུ་ཁྲི་870ལྷག་ཙམ་ལ་བཞའ་ཚན་ཧ་ཅང་ཆུང་བ་དང་ཅི་ལིན་གྱི་དབུས་རྒྱུད་དང་ལེའོ་ཉིང་ནུབ་རྒྱུད་ས་ཁུལ་གྱི་མ་རྨོས་ལོ་ཏོག་མུའུ་ཁྲི་450ཙམ་ཐན་པ་བསྟན་པ་ལས་མུ་གུ་འབུས་རྒྱུར་འགོག་རྐྱེན་འཕྲད་ཡོད།
         ཞིང་ལས་གྲོང་གསེབ་པུའུ་ཡིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཁྲིད་སྟོན་དུ་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་བརྟན་གཏོང་ལེགས་གཏོང་གི་དམིགས་ཚད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་མཛུབ་ཁྲིད་ཀྱི་ཞབས་ཞུ་བྱ་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་བྱ་ཐབས་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་དཔྱིད་འདེབས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད། དཔྱིད་འདེབས་ཀྱི་མཇུག་འགྲིལ་ལས་ཀར་དམ་འཛིན་ལྷོད་མེད་བྱས་ནས་ས་ཁུལ་ཁག་གིས་ཆར་ཆུ་བབས་པའི་ཕན་ཡོད་དུས་སྐབས་དམ་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། འདེབས་འཛུགས་མགྱོགས་མྱུར། འདེབས་འཛུགས་འཕེལ་རིམ་མྱུར་གཏོང་བཅས་བྱས་ནས་འདེབས་འཛུགས་དུས་སུ་འདེབས་ཐུབ་རྒྱུའི་འགན་ལེན་བྱས་ཡོད། ཚན་རིག་དང་མཐུན་པའི་ཐན་འགོག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཐན་པ་བསྟན་ཚད་དང་དེ་བཞིན་ལོ་ཏོག་སྐྱེ་འཚར་ལ་གཞིགས་ནས་ཐན་འགོག་ལག་རྩལ་གྱི་བསམ་འཆར་བཟོས་ཏེ་དུས་ཚོད་དང་། ས་བབ། བརླན་ཚད། མྱུ་གུ་བཅས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་ཐན་འགོག་བྱ་ཐབས་དོན་འཁྱོལ་བྱས་ཡོད། ཞབས་ཞུ་འགན་ལེན་ཡག་པོ་བསྒྲུབས་ཏེ་རིགས་གཅིག་མཁས་ཅན་དང་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་ཐོན་སྐྱེད་བྱ་ཡུལ་དུ་བསྐྱོད་དེ་ས་ཁུལ་ཁག་གིས་འགག་རྩའི་ལག་རྩལ་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་འདེབས་འཛུགས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་འདེབས་ཐེངས་གཅིག་ལ་མྱུ་གུ་ཚང་མ་གསོན་པའི་འགན་ལེན་བྱས་ཡོད་ཅེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།