འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲགས་ཅན་རྩོམ་པ་པོ་ལེགས་པོ་རོང་དུ་བསྐྱོད་པའི་བྱེད་སྒོ

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གྲགས་ཅན་རྩོམ་པ་པོ་ལེགས་པོ་རོང་དུ་བསྐྱོད་པའི་བྱེད་སྒོ
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན་ནས་ཚེས་3ཉིན་བར་དུ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། བོད་ལྗོངས་རྩོམ་རིག་ལྷན་ཚོགས་དང་མཚོ་སྣ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རོགས་གཉེར་བྱས་པ། ལྷོ་ཁ་གྲོང་ཁྱེར་ཨེ་པ་ཚང་མི་རིགས་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་སྒྲུབ་གཉེར་བྱས་པའི"གྲགས་ཅན་རྩོམ་པ་པོ་ལེགས་པོ་རོང་དུ་བསྐྱོད་པ"ཞེས་པའི་བྱེད་སྒོ་ལེགས་པོ་རོང་དུ་ལེགས་འགྲུབ་ངང་སྤེལ་བ་རེད། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ལྷོ་ཁ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲགས་ཅན་གྱི་རྩོམ་པ་པོ་མཁས་གྲུབ། བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ནོར་མོ། བོད་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་ཡར་རྒྱས། དེ་བཞིན་དུ་《སྦྲང་ཆར་》རྒྱུན་ལས་གཙོ་སྒྲིག་པ་གཞོན་པ་བཀྲ་ཤིས་དོན་འགྲུབ་《མི་རིགས་རྩོམ་རིག་》བོད་ཡིག་པར་གཞིའི་རྩོམ་སྒྲིག་པ་ལྕགས་སྟག་རྒྱལ་སོགས་བོད་ལྗོངས་ནང་ཁོངས་དང་ཕྱི་ནས་རྩོམ་པ་པོ་དང་མཁས་དབང་40ལྷག་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད། 
         ཉིན་འགའི་ལས་རིམ་ཁྲོད་དུ། རྩོམ་པ་པོ་ཚོས་སྨད་ཤང་དང་གྲོང་ཚོའི་རིག་གནས་འཛུགས་བསྐྲུན་དང་ཁྱད་ཆོས་ལྡན་པའི་གྲོང་རྡལ་དཔེ་གཞི་འཛུགས་བསྐྲུན་སོགས་ལ་ལྟ་ཞིབ་བྱས་པ་དང་། མཚོ་སྣ་རྫོང་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བསོད་ནམས་བདེ་སྐྱིད། རྫོང་དཔོན་གཞོན་པ་སུང་ཁྲའོ་བཅས་ཀྱིས་རྩོམ་པོ་ཚོ་ལ་མཚོ་སྣ་རྫོང་གིས་མཐའ་ཁུལ་གྱི་གྲོང་ཚོའི་འཛུགས་བསྐྲུན་གྱི་འཆར་འགོད་དང་གྲུབ་འབྲས་དག་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་པ་རེད། དེའི་རིང་དུ། རྩོམ་པ་པོ་ཚོས་ད་དུང་སྨད་ཤང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བགྲོ་གླེང་སོགས་རྩོམ་རིག་བགྲོ་གླེང་བྱེད་སྒོ་སྤེལ་བ་དང་། ལེགས་པོ་རོང་ཨེ་པ་ཚང་གི་དགའ་ཚལ"བོད་ལྗོངས་རྩོམ་རིགས་གསར་གཏོད་ཀྱི་རྟེན་གཞི"ཡི་སྒོ་བྱང་དངོས་སུ་བཀལ་བ་རེད། 
    ༄༅།།གྲགས་ཅན་རྩོམ་པ་པོ་ལེགས་པོ་རོང་དུ་བསྐྱོད་པའི་བྱེད་སྒོ
      

    ཕྱོགས་བསྡུས་གསར་འགྱུར།