༄༅།།རང་རྒྱལ་གྱིས་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཚོད་ལྟར་སྐུལ་འདེད་ཧུར་ཐག་
གཏོང་བ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་24ཉིན། 10:07】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་རང་རྒྱལ་གྱིས་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཚོད་ལྟའི་ལས་དོན་དེ་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་832ཚང་མར་ཁྱབ་གདལ་བཏང་བ་མ་ཟད། ཚོད་ལྟའི་རྫོང་དབུལ་པོར“རིགས་ཆེན་པོའི་དབར་ཤར་གཏོད་ཐུབ་པ”དང“རྫོང་ལས་བརྒལ་བའི་རིགས་བེད་སྤྱོད་མི་བྱེད་པར” “བསྡུ་སྒྲིལ་བྱེད་དགོས་རིགས་ཚང་མ་བསྡུ་སྒྲིལ”བྱེད་ཐུབ་པ་བྱས་ཡོད། 2017ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱིས་རིམ་ཁག་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་3286བསྡུ་སྒྲིལ་བྱས་པ་དེས། ཐོག་མའི་འཆར་གཞིའི་98.7%ཟིན་པ་དང་གཏོང་སྒོའི་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་2935ལེགས་གྲུབ་ཟིན་ཡོད་པ་རེད།
དེ་དང་ཆབས་ཅིག་བསྡུ་སྒྲིལ་ཚོད་ལྟའི་ལས་དོན་གྱི་རྗེས་སྙེག་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། རྗེས་སྙེག་བརྟག་ཞིབ་སོགས་ཀྱི་བྱེད་སྟངས་བརྒྱུད། རྒྱལ་ཡོངས་ཀྱི་བསྡུ་སྒྲིལ་ཚོད་ལྟའི་འཕེལ་རིམ་གནས་ཚུལ་འཕྲལ་མར་ཁོང་དུ་ཆུད་པ་བྱས་ཡོད། རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་ཆེད་དོན་ལྟ་བཤེར་ལས་དོན་སྤེལ་ནས། བསྡུ་སྒྲིལ་ཚོད་ལྟའི་ལས་ཀའི་གནས་ཚུལ་དེ་2017ལོའི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ཆེད་དོན་ཞིབ་བཤེར་ཁྱབ་ཁོངས་སུ་བཅུག་སྟེ་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ལ་གཙོད་གནད་དུ་ཞིབ་བཤེར་བྱས་པ་དང་། བསྡུ་སྒྲིལ་ཚོད་ལྟའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གནད་དོན་ལ་དབྱེ་ཞིབ་བྱས་ནས་བསྡུ་སྒྲིལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ཡོད། གདེང་འཇོག་བྱས་འབྲས་གཞིར་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་དགའི་མ་དངུལ་ཐོག་མར་བཀོད་སྒྲིག་བྱས་ཏེ་བསྡུ་སྒྲིལ་ཚོད་ལྟའི་གྲུབ་འབྲས་ཅུང་ཡག་པའི་ཞིང་ཆེན་8ལ་ཞིང་ཆེན་རེར་བྱ་དགའ་སྒོར་ཁྲི་8000རེ་སྤྲད་པ་རེད།