འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མི་195རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སློབ་ཁྲིད་དགེ་རྒན་གྲགས་ཅན་ཁག་
    གསུམ་པར་ཚུད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སློབ་གསོ་པུས་བརྡ་ཐོ་པར་འགྲེམས་བྱས་ནས། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སློབ་ཁྲིད་དགེ་རྒན་གྲགས་ཅན་ཁག་གསུམ་པར་ཚུད་པའི་མི་ཁྱོན་195ཡི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། བརྡ་ཐོའི་ནང་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་ཚུད་པའི་མི་རེ་རེར་དམིགས་བསལ་རྒྱབ་སྐྱོར་གྲོན་དངུལ་སྒོར་ཁྲི་50རེ་སྤྲོད་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། འདི་ནི་གསར་འགོད་པར་ཚེས་27ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སློབ་ཁྲིད་དགེ་རྒན་གྲགས་ཅན་ནི་རྒྱལ་ཁབ་ཀྱི་མཐོ་རིམ་ཤེས་ལྡན་པར་དམིགས་བསལ་རྒྱབ་སྐྱོར་འཆར་གཞིའི(གཤམ་དུ་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཞེས་བསྡུ་རྒྱུ)གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་རྒྱལ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་དགེ་རྒན་ལ་ཕྱོགས་པ་དང་། སློབ་གསོ་སློབ་ཁྲིད་དང་སློབ་མ་སྐྱོང་བའི་གྲུབ་འབྲས་དངོས་ལ་བརྟག་དཔྱད་བྱེད་པའི་རྒྱལ་ཁབ་རིམ་པའི་ཤེས་ལྡན་པའི་རྣམ་གྲངས་འབའ་ཞིག་དེ་ཡིན། གདམ་གསེས་བྱེད་པའི་ཐད་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་དང་པོའི་ལས་དོན་གྲུབ་འབྲས་དངོས་དང་། གདམ་བྱའི་འོས་མིའི་ཆབ་སྲིད་དང་ཀུན་སྤྱོད་གཙོ་བོར་བཟུང་ཡོད་པ་དང་། འཆར་གཞི་ལྟར་ན་མི་1000འདེམས་རྒྱུ་ཡིན་པ་ལས་དེ་སྔོན་ཁག་གཉིས་ཏེ་མི་200ཙམ་བདམས་པར་ཕན་འབྲས་མངོན་གསལ་དོད་པོ་དང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།