འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་འདེབས་ལ་རིག་ལྡན་ཞིང་འཕྲུལ་སྤྱོད་ རྒྱུ་དར་ཁྱབ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་ཀ་ཡོལ་བ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་སྲིན་བལ་ཐོན་སྐྱེད་བྱ་ཡུལ་གཙོ་བོ་ཡིན་པའི་ཤིན་ཅང་དུ་སྲིལ་བལ་འདེབས་པའི་ལས་དོན་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་རིམ་བཞིན་སྤེལ་འགོ་ཚུགས་ཏེ་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད།
         ཚེས་23ཉིན་གྱི་སྔ་དྲོ། ཤིན་ཅང་ཨ་ཁོ་སུའུ་ས་ཁུལ་ཁུའུ་ཁྲེ་རྫོང་ཨར་པཱ་ཐའེ་གྲོང་རྡལ་གྱི་མུའུ་50ཡོད་པའི་ཞིང་ནང་དུ་ཞིང་རྨོ་བ་དང་། ས་ཁོད་སྙོམས་པ། ས་བོན་འདེབས་པ། ལུད་རྒྱག་པ་ལ་སོགས་པའི་ལས་ཀ་ཚང་མ་རང་འགུལ་ཕྱོགས་སྟོན་འཁོར་གཏོང་གི་འདྲུད་འཐེན་འཕྲུལ་འཁོར་3ལ་བརྟེན་ནས་བྱེད་བཞིན་ཡོད་པས“རིག་ལྡན”ཞིང་ལས་ཤིན་ཅང་ལྷོ་ཕྱོགས་ས་ཁུལ་དུ་དར་ཁྱབ་བྱེད་འགོ་ཚུགས་པ་མཚོན་ཡོད།
         དེ་ནི་རང་འགུལ་ཕྱོགས་སྟོན་འཁོར་གཏོང་མ་ལག་ཞིང་ནང་དུ་དཔེ་སྟོན་གྱིས་སྤྱོད་པ་ཞིག་དང་ཞིང་ལས་སྒྲིག་ཆས་ཁེ་ལས་ལུའེ་ཨོ་ལྕི་བའི་བཟོ་ལས་དང་ཧྭ་ནན་ཞིང་ལས་སློབ་ཆེན་གྱིས་ཞིང་འཕྲུལ་རིག་ལྡན་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་སུ་ལོ་མང་མཉམ་ལས་བྱས་རྗེས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།