འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱི་གྲོང་གསེབ་སློབ་ཆུང་དུ་སློབ་སྦྱོང་ཁུར་པོ་ཡང་དུ་བཏང་བས་སློབ་མའི་བྱང་ཚད་
    ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏེང་ཅང་རྫོང་ཡིའུ་སུའོ་གྲོང་རྡལ་ཅི་ཧྭ་སློབ་ཆུང་ནི་ཕྱེད་ཞག་སྡོད་ལམ་ལུགས་ཀྱི་གྲོང་གསེབ་སློབ་ཆུང་ཞིག་ཡིན་པ་དེར་སློབ་མ་356ཡོད། ན་ནིང་ཚུན། སློབ་གྲྭ་འདིས་ཡུལ་བབ་དང་བསྟུན་པ་དང་སློབ་གཞིར་གཞིགས་ནས་སློབ་ཁྲིད་བྱས་པ་དང་སློབ་ཁྲིད་ཀྱི་ཇུས་གཞིའི་བླང་བྱ་ནན་པོ་གཞིར་བཟུང་གླུ་གཞས་དང་ལུས་རྩལ། མཛེས་རྩལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། དགེ་རྒན་གྱིས་ཀྱང་རྒྱུ་རྐྱེན་གང་རུང་ཐོག་ནས་སློབ་ཚན་གྱི་འཆར་གཞི་རང་དགར་སྒྱུར་ཆོག་གི་མེད་པས་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད། ཉིན་དགུང་དུས་ཚོད་ནང་དགེ་རྒན་གྱིས་སློབ་མར་ཟུར་ཁྲིད་བྱས་ནས་སྦྱོང་ཚན་གྱི་ཁུར་པོ་ཡང་དུ་བཏང་བ་དང་འབྲེལ། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་བཞི་དང་ཕྱེད་ཀའི་བར་སློབ་གྲྭའི་ཚོགས་པའི་བྱེད་སྒོའི་དུས་ཚོད་ལ་གཏན་འཁེལ་བྱས་ཏེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་སྐྱེད་སྲིང་དང་མཐོ་རུ་བཏང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།