༄༅།།བོད་ལྗོངས་ལ་དམངས་གཙོའི་བཅོས་བསྒྱུར་བྱེད་སྔ་ཤོས་ཀྱི་ཁེ་གསུམ་གྲོང་ཚོ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 03ཚེས་28ཉིན། 11:11】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
ཁེ་གསུམ་གྲོང་ཚོའི་ལྗོངས་རྣམ།
མི་དམངས་དྲ་བའི་འཕྲིན། ཞོགས་པར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྒོའི་མདུན་དུ། བསོད་ནམས་དོན་གྲུབ་ཀྱིས་རང་གི་ཡང་ཚ་སྤེན་པ་བསྟན་འཛིན་བུ་བཅོལ་ཁང་དུ་འགྲོ་བའི་རླངས་འཁོར་དུ་བསྐྱལ་པ་རེད། ས་མཐོའི་མཁའ་དབྱིངས་ནི་སྔར་བཞིན་སྔོ་ཐིང་ཐིང་དུ་སྣང་ལ་ཡང་ཚའི་སྐད་སྒྲའང་རྣ་བར་ལྷང་ལྷང་དུ་ཐོས། ཁོང་རང"བོད་ལྗོངས་ལ་དམངས་གཙོའི་བཅོས་བསྒྱུར་བྱེད་སྔ་ཤོས་ཀྱི་གྲོང་ཚོའི"རྡོ་རིང་གི་འགྲམ་དུ་ལངས་ནས་འདས་ཟིན་གྱི་ལོ་ཟླ་ལ་ཕྱི་དྲན་བྱེད་པ་རེད། ཟླ་3ཚེས་28ཉིན་ནི"བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ"ཡིན་ཞིང་། དགུང་ལོ་75ལ་ཕེབས་པའི་བོད་རིགས་བགྲེས་སོང་ཁོང་ལ་ཆ་མཚོན་ན། སྐབས་དེ་དུས་གནས་དེ་ནས་ཞིང་བྲན་ཚོས་འཚོ་བ་གསར་པར་དགའ་བསུ་བྱེད་པར་དངོས་སུ་རིག་མྱོང་བ་མ་ཟད། གནས་དེ་ནས་རང་དབང་དང་བདེ་སྐྱིད་ཀྱི་འཚོ་བ་དངོས་སུ་མངོན་འགྱུར་བྱུང་ཡོད་པ་བདེན་དཔང་ཡང་བྱེད་པ་རེད།
【1】
【2】
【3】
【4】
【5】
【6】
 |
བསོད་ནམས་དོན་གྲུབ་ཀྱིས་ཁྱིམ་དུ་མེ་ཏོག་ལ་ཆུ་ལྡུག་བཞིན་པ། |