འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཐོལ་བྱུང་དོས་དྲག་འགོ་ནད་ལ་ཁ་གཏད་གཅོག་པའི་ནུས་པ་རྒྱུན་ཆད་མེད་པར་
    ཆེ་རུ་འགྲོ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་གསར་འགོད་པས་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་དུ་འཚོགས་པའི་འགོ་ནད་འགོག་བཅོས་ཀྱི་ཚན་རྩལ་གྱི་ཆེད་དོན་གྲུབ་འབྲས་གལ་ཆེན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར། ཐོལ་བྱུང་རིམས་ནད་གལ་ཆེན་ལ་དམིགས་ཏེ། རང་རྒྱལ་ལ“གཞན་དབང་ཐོག་ཁ་གཏད་གཅོག་པ་ནས་རང་དབང་ཐོག་ཁ་གཏད་གཅོག་པའི་བར”གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད། དུས་མཚུངས་རིན་ཐང་བཞིའི་ཆམ་རིམས་སྨན་ཁབ་གསར་པའི་རེ་ཞུར་ཞིབ་མཆན་ཐོབ་ནས་འདི་ལོ་ཁྲོམ་རར་འདོན་རེ་ཡོད་པ་རེད།
         ཆེད་དོན་རྣམ་གྲངས་ལག་བསྟར་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཚན་སློབ་སིའི་ལྟ་བཤེར་ཆེད་མི་ལིའུ་ཏེང་ཧྥེང་གིས་ཆེད་དོན་རྣམ་གྲངས་ཀྱིས་ཉེ་བའི་ལོ་ཤས་རིང་H1N1ཆམ་རིམས་ཀ་པ་དང་། H7N9ཆམ་རིམས། དབུས་ཤར་ས་ཁུལ་གྱི་དབུགས་ལམ་ཕྱོགས་བསྡུས་ནད། ཨེ་པོ་ལ་སོགས་ཐོལ་བྱུང་རིམས་ནད་གལ་ཆེན་ལ་ཁ་གཏད་གཅོག་པར་འདེགས་སྐྱོར་གྱི་ནུས་པ་ཐོན་ནས་རིམས་ནད་ལ་གཞན་དབང་ཐོག་ཁ་གཏད་གཅོག་པ་ནས་ཉེན་ཁར་རང་དབང་ཐོག་ཁ་གཏད་གཅོག་པའི་བར”གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད་ཅེས་བཤད།
         “རིན་ཐང་བཞིའི་ཆམ་རིམས་སྨན་ཁབ་གསར་པའི་རེ་ཞུར་ཞིབ་མཆན་ཐོབ་ནས་འདི་ལོ་ཁྲོམ་རར་འདོན་རེ་ཡོད་པ་རེད། གོམ་སྟབས་རྗེས་མར་འཕྲལ་སྡོམ་སྐྱོབ་བཅོས་ལག་རྩལ་ཞིབ་འཇུག་ཐད་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་ཆམ་རིམས་ཀྱི་ནད་རྟགས་ལྕི་བའི་ནད་དཔེའི་ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཞུས་ཅན་གོས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།