འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེ་དགྲ་ལྷ་ཡིས་མྱུར་ཚད་འཕར་བ་ནས་སྤུས་ཚད་མཐོར་གདེག་གཏོང་ཞིང་། བརྟན་ལྷིང་ངང་
    བདེ་སྐྱིད་ལྡན་པ་བྱ་དགོས་གསུངས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཆེ་དགྲ་ལྷ་ཡིས་མྱུར་ཚད་འཕར་བ་ནས་སྤུས་ཚད་མཐོར་གདེག་གཏོང་ཞིང་། བརྟན་ལྷིང་ངང་
བདེ་སྐྱིད་ལྡན་པ་བྱ་དགོས་གསུངས།
         མི་དམངས་དྲ་བའི་འཕྲིན།  ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། བོད་རང་སྐྱོང་ལྗོངས་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མི་དམངས་དྲ་བའི"སྟོབས་ཆེའི་རྒྱལ་ཁབ་ཀྱི་གླེང་སྟེགས"ཞེས་པའི་ལེ་ཚན་དུ་ཕེབས་ནས། "སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དེ། བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་སྐུལ་འདེད"སྐོར་དྲ་གྲོགས་རྣམས་དང་ལྷན་དུ་བགྲོ་གླེང་བྱས་པ་རེད། ཁོང་གིས་བགྲོ་གླེང་བྱེད་པའི་གོ་རིམ་ཁྲོད་དུ། མྱུར་ཚད་ཇེ་མགྱོགས་ནས་སྤུས་ཚད་མཐོར་གདེག་གཏོང་ཞིང་། བོད་ལྗོངས་ཀྱི་དཔལ་འབྱོར་ཡང་མུ་མཐུད་ནས་མྱུར་ཚད་མགྱོགས་པོ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཐོགས་པ་བྱ་དགོས་པ་ཞེས་བསྟན་པ་རེད།
        ཆེ་དགྲ་ལྷ་ཡིས། བོད་ལྗོངས་ཀྱིས་མ་འོངས་པར་ཁྱོན་ཡོངས་ནས་མི་དམངས་གཙོ་འཛིན་པའི་བསམ་བློ་ལག་བསྟར་དང་། ཁྱོན་ཡོངས་ནས"ཕྱོགས་ལྔ་གཞི་གཅིག"གི་སྤྱིའི་ཇུས་འགོད་ལག་བསྟར་བྱེད་པ་དང་། ཁྱད་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཐོགས་པ་བྱེད་དེ། འབངས་མི་སེར་ལ་གྲུབ་འབྲས་ཉམས་སུ་མྱོང་ཐུབ་པ་བྱ་དགོས་ཤིང་། བོད་ལྗོངས་ཀྱི་ངོས་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ད་དུང་ནང་དོན་གཅིག་ཡོད་པ་སྟེ། དེ་ནི་ངེས་པར་དུ་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་འགན་སྲུང་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བ་ལ་ཐོག་མར་བོད་ལྗོངས་བརྟན་ལྷིང་གཏོང་དགོས"ཞེས་པའི་གལ་ཆེའི་བསམ་བློའི་ཐབས་ཇུས་དོན་འཁྱོལ་ཡོང་བར་བྱ་དགོས་པ་བསྟན་པ་རེད། 
         རྒྱལ་ཁབ་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས་གཞན། ཆེ་དགྲ་ལྷ་ཡིས་ད་དུང་སྐྱེ་ཁམས་བདེ་འཇགས་ནི་གཞི་རྩ་ཡིན་པ་ནན་གྱིས་བསྟན། ཁོང་གིས"བོད་ལྗོངས་སུ་གསར་སྤེལ་ཆེན་པོ་གཏན་ནས་མི་བྱེད་ལ། མིག་སྔའི་འཕེལ་རྒྱས་ཀྱི་ཆེད་དུ་འཛུགས་བསྐྲུན་ཆེན་པོ་གཏན་ནས་མི་བྱེད། བོད་ལྗོངས་ཀྱིས་ངེས་པར་དུ་ཁོར་ཡུག་ལེགས་པོ་དེ་སྲུང་སྐྱོང་བྱེད་དགོས་པ་རེད། གང་ལགས་ཞེ་ན། བོད་ལྗོངས་ནི་ཨེ་ཤེ་ཡ་གླིང་གི་ཆུ་མཛོད་ཡིན་ཞིང་། དེས་ཀྲུའུ་ཧྭ་མི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་ཀྱི་རེ་བ་དང་འབྱུང་འགྱུར་ཐག་གཅོད་ཀྱི་ཡོད་པ་རེད"ཅེས་བཤད། ཁོང་གིས། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱེད་ཐུབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་འོག མི་དམངས་མང་ཚོགས་སྔར་ལས་བདེ་ཞིང་སྐྱིད་པ་དང་། ཡོང་འབབ་མུ་མཐུད་དུ་འཕར་བ། སྔར་ལས་ལྷག་པའི་བདེ་ཐང་གི་རྣམ་པ། སྔར་ལས་ལྷག་པའི་སློབ་གསོ། སྔར་ལས་ལྷག་པའི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཞིག་ཡོད་པ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།