འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་གྱོད་དཔེ་ཆེན་པོ་
    བཅུ”ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་སྐབས་གཉིས་པའི“ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་གྱོད་དཔེ་ཆེན་པོ་བཅུ”ཡི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། དེའི་དམིགས་ཡུལ་ནི་རྩ་ཁྲིམས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་། གྱོད་དཔེ་བཏོན་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་རྒྱུར་ཁྲིད་སྟོན་དང་། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་འགན་ནུས་ལ་གཞི་ཚུགས་རྒྱུར་སྐུལ་ལྕག་བྱེད་པ། མཉམ་ལས་དམ་ཟབ་བཅས་བྱས་ཏེ་ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཐན་ལིན་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲི་ཏའེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་པུའུ་རིམ་པ་གཞོན་པའི་ཆེད་འགན་ཨུ་ཡོན་ཧུའུ་ཡུན་ཐེང་བཅས་ཡོངས་བསྒྲགས་ཚོགས་འདུར་ཕེབས་ཡོད་པ་རེད།
         གྱོད་དཔེ་བཅུ་པོ་དེ་དག་ནི་ཀྲང་ཆེ་གེ་མོ་དང་ཀྲའུ་ཆེ་གེ་མོ། ཞུས་ཆེ་གེ་མོའི་བཟའ་ཚོ་བཅས་ཀྱི་བུ་ལོན་རྩོད་གཞིའི་གྱོད་གཞི་དང་། ཞའོ་ཆེ་གེ་མོའི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཁེ་དབང་རྩོད་གཞིའི་གྱོད་གཞི། ཆན་ཆེ་གེ་མོས་ན་ཚོད་མ་ལོན་པར་བཙན་ཤེད་ཀྱིས་ཆགས་རྩེད་བྱས་པའི་གྱོད་གཞི། ཀྲང་ཆེ་གེ་མོ་སོགས་མི་35ཡིས་ཕྲུ་གུ་བསླུས་འཚོང་བྱས་པའི་གྱོད་གཞི། ཐའོ་ཆེ་གེ་མོས་ཁྲེན་ཆེ་གེ་མོ་དང་ཁ་ཁག་བྱེད་རྒྱུའི་གྱོད་གཞི། ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་ཁ་ཁག་བྱས་རྗེས་གྱོང་གུན་གསབ་རྒྱུའི་གྱོད་གཞི། ཧོ་ནན་ཞིང་ཆེན་གྱི་མཐོ་སློབ་ག་གེ་མོའི་བུད་མེད་དགེ་རྒན་ཞིག“བང་རུ་སྒྲིགས་ཕྲུ་གུ་བཙའ་བའི”གྱོད་གཞི། ལི་ཆེ་གེ་མོའི་བུ་བཙའི་ཁ་གསབ་དངུལ་གྱི་རྩོད་གཞིའི་གྱོད་གཞི། ཀྲང་ཆེ་གེ་མོའི་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱའི་གྱོད་གཞི། ཀྲའོ་ཆེ་གེ་མོའི་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱའི་གྱོད་གཞི་བཅས་ཡིན་པ་རེད།
         གྱོད་དཔེ་དེ་དག་ནི་མིག་སྔར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་མངོན་གསལ་དོད་པ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་དང་། ན་མ་ལོན་པར་བཙན་གཡེམ་བྱེད་པ། བཟའ་ཚང་གི་ཐུན་མོང་རྒྱུ་ནོར། བཟའ་ཚང་ཁ་ཁག་བྱས་རྗེས་ཀྱི་རྒྱུ་ནོར་བགོ་བཤའ། གྲོང་གསེབ་བུད་མེད་ཀྱི་ས་ཞིང་བདག་དབང་། དམིགས་བསལ་ངལ་རྩོལ་སྲུང་སྐྱོང་། བུད་མེད་ཀྱི་བུ་བཙའི་དབང་ཆ་སོགས་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཞིག་རེད། གནད་དོན་དེ་དག་ཐག་གཅོད་བྱེད་པ་དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་ལྟེ་བར་བྱེད་པ་དང་། སྤྱི་ཚོགས་ཀྱི་གཏང་སྙོམས་དྲང་གཞག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལྟར་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྣམ་འགྱུར་གང་ལེགས་མཚོན་པ་མ་ཟད། ཁྲིམས་འཛིན་ལས་ཁུངས་དང་། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ཐག་གཅོད་བྱས་པའི་གྱོད་དཔེ་རེ་རེའི་ཁྲོད་ནས་མང་ཚོགས་ཚོས་གཏང་སྙོམས་དྲང་གཞག་གི་དགེ་ཚན་ལྡན་པའི་བྱེད་ཐབས་དང་ཐོབ་པའི་གྲུབ་འབྲས་གང་ལེགས་ཚོར་ཐུབ་པ་བྱུང་བ་མ་ཟད། སླད་ཕྱིན་བུད་མེད་དང་བྱིས་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་གནས་ཚུལ་དེ་རིགས་ཐག་གཅོད་བྱེད་རྒྱུར་དཔེ་མཚོན་གྱི་བྱེད་ཐབས་མཁོ་འདོན་ཡང་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།