འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས་བྱེད་ཐབས་སྣ་མང་སྤྱད་ནས་གསར་གཏོད་གྲུབ་འབྲས་གལ་ཆེན་
    ཐོབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་ཚན་རིག་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བྱེད་ཐབས་མང་པོ་བཏོན་པ་དེའི་དམིགས་ཡུལ་གཙོ་བོ་ནི་གསར་གཏོད་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་འགན་ལེན་བྱ་ཆེད་ཡིན་པ་རེད།
         ཉེ་བའི་ལོའི་ནང་ཀྲུང་གོ་ཚན་རིག་ཁང་གིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྱི་ལས་འགན་གལ་ཆེན་སྔ་བལྟས་ཕྱི་བསམ་ངང་བཀོད་སྒྲིག་དང་ལག་བསྟར་སྒྲིག་འཛུགས་བྱས་ཏེ་གཞི་རྩའི་ཞིབ་འཇུག་ཁྱབ་ཁོངས་མང་པའི་ཐད་ཚད་བརྒལ་རབ་དང་རིམ་པ་བྱུང་ཡོད། ལྷག་པར་དུ་གསར་གཏོད་གྲུབ་འབྲས་གལ་ཆེན་གྱི་ཚད་བརྒལ་ཐད། ཀྲུང་གོ་ཚན་རིག་ཁང་སྔོན་ཐོན་ཚན་རིག་དང་སློབ་གསོ་ཅུས་ཀྱིས་Bརིགས་ཀྱི་སྔོན་ཁྲིད་ཆེད་དོན་རྣམ་གྲངས་དང་། ཁྱད་འཕགས་གསར་གཏོད་ལྟེ་གནས། སྔོན་ཐོན་ཚན་རིག་གི་གཙོ་གནད་ཞིབ་འཇུག་འཆར་གཞི། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན། གཙོ་གནད་ཚོད་ལྟ་ཁང་དང་ཚན་སློབ་མཉམ་འདྲེས་བཅས“དམ་འཛིན་བྱ་གཞི”དྲུག་གི་ཞིབ་ཕྲའི་བཀོད་སྒྲིག་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ཡོད།
         ཀྲུང་གོ་ཚན་རིག་ཁང་སྔོན་ཐོན་ཚན་རིག་དང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཀའོ་ཧུང་ཅུན་གྱིས་སླད་ཕྱིན་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་དོ་དམ་སོགས་ཐད་རྒྱུན་མཐུད་ངང་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གསར་གཏོད་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན། དཔེར་ན། Bརིགས་ཀྱི་སྔོན་ཁྲིད་ཆེད་དོན་རྣམ་གྲངས་ཀྱི་སྒྲིག་འཛུགས་དང་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལག་བསྟར་ལ་ཤུགས་སྣོན་དང་། སྐྱེད་སྲིང་ཞིབ་ཚགས། མངོན་འགྱུར་དང་ཚད་བརྒལ་ཐུབ་རེ་ཡོད་པའི་ཁྱབ་ཁོངས་ཀྱི་ཁ་ཕྱོགས་ལ་དམིགས་པ། རྒྱབ་སྐྱོར་འོས་འཚམ་བཅས་བྱ་རྒྱུ་དང་། ཁྱད་འཕགས་ལྟེ་གནས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་མི་སྣའི་དཔུང་ཁག་དང་། ཚན་སློབ་མཉམ་འདྲེས་ལས་དོན་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པའི་ལྟེ་གནས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རྩའི་ཚན་རིག་རིགས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་གཏོད་ཀྱི་འཆར་གཞི་སྒྲིག་འཛུགས་དང་བརྩོན་ལེན་ཡག་པོ་བྱས་ནས་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱ་རྒྱུ། པེ་ཅིང་། ཧྲང་ཧའེ། ཧོ་ཧྥེ་བཅས་རྒྱལ་ཁབ་རིམ་པའི་ཚན་རིག་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ། ཚན་རིག་གི་སྒྲིག་ཆས་ཆེན་པོའི་སྔོན་ཐོན་ཚན་རིག་ཞིབ་འཇུག་ཧུར་ཐག་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།