འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བརྟན་འགྱུར་མེད་ངང་མངའ་ཁོངས་སུ་ཕྱི་རྒྱལ་གྱི་གད་སྙིགས་མི་འཛུལ་གཏན་འགོག་བྱེད་
    དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སྣོད་བཅུད་ཁོར་ཡུག་པུས་པུའུ་ཡི་རྒྱུན་ལས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་《〈ཕྱི་རྒྱལ་གྱི་གད་སྙིགས་མངའ་ཁོངས་སུ་མི་འཛུལ་གཏན་འགོག་གིས་སྲ་གཟུགས་སྙིགས་རོ་ནང་འདྲེན་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི〉ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་2018ལོ་ནས་2020ལོ་བར་གྱི་བྱ་སྤྱོད་ཇུས་གཞི་》དང་། 《ནང་འདྲེན་སྲ་གཟུགས་སྙིགས་རོ་ལས་སྣོན་དང་བེད་སྤྱོད་གཏོང་བའི་ཁེ་ལས་ཀྱི་ཁོར་ཡུག་ཁྲིམས་འགལ་གནད་དོན་གྱི་ཆེད་དོན་ལྟ་བཤེར་བྱ་སྤྱོད་ཀྱི་ཇུས་གཞི(2018ལོ)》《གད་སྙིགས་སྲེག་པའི་གློག་འདོན་ལས་རིགས་ཀྱི་ཚད་ལོན་འབུད་གཏོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཇུས་གཞི་》བཅས་ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་ཐོག་གྲོས་འཆམ་ཡང་བྱུང་བ་རེད།
         སྣོད་བཅུད་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས། མངའ་ཁོངས་སུ་ཕྱི་རྒྱལ་གྱི་གད་སྙིགས་མི་འཛུལ་གཏན་འགོག་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་ཡིན། “བློ་བརྟན་འགྱུར་མེད་དང་ཇི་མ་ཇི་བཞིན་གྱི་སྒོ་ནས་ལས་དོན་དེ་དོན་འཁྱོལ་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་པོའི་གོང་འཕེལ་ལ་སྐུལ་མ་གཏོང་རྒྱུར་དམིགས་ཏེ་བྱ་སྤྱོད་ཀྱི་ཇུས་གཞིའི་དམིགས་ཚད་ལས་འགན་ལ་གཅིག་འདོམས་བསམ་གཞིག་བྱེད་པ་དང་། རང་རྒྱལ་གྱི་སྲ་གཟུགས་སྙིགས་རོའི་སྦགས་བཙོག་འགོག་བཅོས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སྡེ་ཚན་དབར་གྱི་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆ་འཕྲིན་མཉམ་སྤྱོད་དང་དེ་བཞིན་མཉམ་འགུལ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཕུགས་ཕན་ལས་ཀའི་ལམ་སྲོལ་བཟོ་དགོས། ལྟ་སྐུལ་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་རྒྱལ་གྱི་གད་སྙིགས་ཁྲིམས་དང་མི་མཐུན་པའི་ངང་མངའ་ཁོངས་སུ་སླེབས་རྒྱུར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་ཟབ་མོ་བྱས་ཏེ་ལས་འགན་ཁག་དམིགས་སར་དོན་འཁྱོལ་ཡོང་བ་བྱེད་དགོས”ཞེས་བརྗོད།
         གད་སྙིགས་སྲེག་པའི་གློག་འདོན་ལས་རིགས་ཀྱི་སྦགས་བཙོག་ལ་བཅོས་སྐྱོང་བྱ་རྒྱུ་ནི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ནང་དོན་གལ་ཆེན་ཡིན། འགན་འཁུར་བ་དེས་ལས་ཀའི་བཀོད་སྒྲིག་ཁག་འཆར་འགོད་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁེ་ལས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཁེ་ལས་ལ་སྐུལ་མ་བཏང་ནས་ཚད་ལོན་འབུད་གཏོང་ཡོང་བ་བཅས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།