འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཤོག་སྒོར་མངའ་ཁོངས་སྒྲོལ་བའི་གཏོང་སྤྲོད་མ་ལག(གཉིས་པ)འཁོར་རྒྱུག་
    ཚོད་ལྟ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་མངའ་ཁོངས་སྒྲོལ་བའི་གཏོང་སྤྲོད་མ་ལག(CIPS)གཉིས་པ་འཁོར་རྒྱུག་ཚོད་ལྟ་བྱས་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་དངུལ་ཁང་10ཡིས་དུས་གཅིག་ཏུ་ཚོད་ལྟ་འཁོར་རྒྱུག་བྱས་པ་ཁྱབ་བསྒྲགས་བྱས་པ་རེད།
         གསར་འགོད་པར་ཀྲུང་དབྱང་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔར་CIPSའཁོར་རྒྱུག་དུས་ཚོད་གོ་ལ་ཧྲིལ་པོའི་དུས་ཁུལ་ཁག་གི་ལས་ཀའི་དུས་ཚོད་ལ་གཞི་རྩའི་ཆར་ཡོངས་ཁྱབ་ཐུབ་པ་དང་། གོ་ལ་ཧྲིལ་པོའི་གཏོང་སྤྲོད་དང་དངུལ་རྩའི་ཁྲོམ་རའི་ལས་སྒོར་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་མི་དམངས་ཤོག་སྒོར་སྤྱོད་མཁན་གྱི་ལས་སྒོའི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། CIPSམ་ལག་དང་པོ་2015ལོའི་ཟླ་10ཚེས་8ཉིན་འཁོར་རྒྱུག་བྱས་ཚུན་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། དེའི་སྟབས་བདེའི་རང་བཞིན་དང་མ་དངུལ་རྩིས་རྒྱག་ལས་ཕྱོད་ལ་དེར་ཞུགས་མཁན་རྣམས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། གོམ་སྟབས་རྗེས་མར་མི་དམངས་དངུལ་ཁང་གིས་CIPSནུས་པ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་འབྲེལ་ཡོད་ཀྱི་ལེ་ལག་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།