འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྐྱོར་ཐོན་ལས་ཀྱིས་ཡུལ་མི་ཕྱུག་འགྱུར་ལམ་དུ་ཁྲིད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་29ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨན་ཧུའེ་ཞིང་ཆེན་ལུའུ་ཅང་རྫོང་ཐན་ཏེ་ཧོ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིས་མ་རྩ་བཏང་ནས་གཉེར་བའི་དབུལ་སྐྱོར་ཐོན་ལས་གླིང་གིས“ཀུང་སི་1+མཉམ་ལས་ཁང་4+ཁྱིམ་ཚང་ཞིང་ར་5+ཞིང་དུད”ཀྱི་ཐོན་སྐྱེད་བྱེད་སྟངས་སྤྱད་པས་ཁེ་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། ཀུང་སི་འཛུགས་མཁན་ཞ་ཏིང་ཧའོ་ཕྱུག་པོ་ཆགས་རྗེས་ཡུལ་མི་མ་བརྗེད་པར་ཀྲེ་ཕུའུ་ཧྲན་པུ་ཤེལ་ཙེ་འདེབས་འཛུགས་དབུལ་སྐྱོར་ཐོན་ལས་གླིང་བཙུགས་པ་དང་། གླིང་དེས་ཁྱོན་དུད་ཚང་དབུལ་པོ120ལ་རོགས་སྐྱོར་དང་། དུད་ཚང་དབུལ་པོ18ཀྱི་ས་ཞིང་ལ་མ་རྐང་འཇོག་པ། དུད་ཚང་དབུལ་པོ་20ལ་མ་དངུལ་གཏོང་རོགས་བྱེད་པ། དུད་ཚང་དབུལ་པོ་21གླིང་ཁུལ་དུ་ལས་ཞུགས་ཐུབ་པ་བྱེད་པ། དུད་ཚང་དབུལ་པོ་49ལ་ཁྱིམ་བྱ་1052གཡོག་བྱེད་བྱེད་རོགས་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།