འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་བདེ་སྐྱིད་གྲོང་ཚོའི་གྲོང་མི་ཚོས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་གུང་ཡོལ་ཙམ་ལ་ན་རིལ་གྱི་ཁྱིམ་དུ་སྐུ་མགྲོན་གྱིས་ཁེངས་པ་དང་སྒོ་རའི་ནང་དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་སྒྲ་དང་རྟེན་འབྲེལ་ཞུ་བའི་སྒྲས་ཁེངས་ཤིང་། གྲོང་པ་ཁྱིམ་མཚེས་ཚོས་ཕྲུ་གུ་ཁྲིད་དེ་ན་རིལ་གྱི་ནང་མི་ཚོ་སྡོད་ཁང་གསར་པར་སྤོས་པར་རྟེན་འབྲེལ་ཞུ་བར་བསྐྱོད།
         ན་རིལ་གྱི་ཁྱིམ་གསར་པ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བདེ་སྐྱིད་གྲོང་གསར་དུ་ཡོད་པ་དང་དེ་ནི་བོད་ཀྱི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གྱི་གྲས་ཤིག་རེད། སྡོད་ཁང་གསར་པར་སྤོས་མ་ཐག་ལོ་གསར་ཤར་བས་ན་རིལ་དང་བཟའ་ཟླ་ཕུར་བུའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་མངོན་བཞིན་མཆིས། དགའ་ཉེ་སྤུན་མཆེད་ཚོ་སྒོར་སྒོར་བྱས་ནས་བསྡད་པ་དང་བོད་བཟོའི་སྒྲོག་ཙེ་གསར་པའི་ཐོག་ཁ་ཟས་སྣ་ཚོགས་བསྒྲིགས་འདུག ན་རིལ་གྱིས་རང་ཉིད་ཀྱིས་བསྙལ་བའི་ནས་ཆང་བཏོན་ནས་ཚང་མ་དང་མཉམ་དུ་བཏུངས་།
         “སྲིད་གཞུང་གིས་ང་ཚོར་སྡོད་ཁང་གསར་པ་བསྐྲུན་པ་མ་ཟད། ད་དུང་སྡོད་ཁང་ལ་ཚོན་རྩི་བཏང་བ་དང་བོད་བཟོའི་ཁྱིམ་ཆས་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཉོས་ནས་ང་ཚོ་སྡོད་ཆོག་ཆོག་རེད་འདུག” ན་རིལ་གྱི་ཁྱིམ་གསར་པ་སྟག་རྩེ་ཆུས་ཀྱི་ཞིང་ལས་ཐོན་ལས་གླིང་དང་བར་ཐག་སྤྱི་ལེ་3ཡང་ཟིན་གྱི་མེད་ལ་སྟག་རྩེ་རྫོང་མི་དམངས་སྨན་ཁང་དང་བར་ཐག་སྤྱི་ལེ་1ཀྱང་མེད་པས་འགྲིམ་འགྲུལ་སྟབས་བདེ་ལ་ས་བབ་ལེགས་པོ་ཡོད།
         ན་རིལ་གྱི་ནང་མི་བཞི་པོ་དེ་སྔ་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་ས་ཁང་གོག་ཧྲུལ་ཞིག་ཏུ་སྡོད་ཀྱི་ཡོད་པ་དང་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་ཡོང་འབབ་གང་ཡང་མེད།
         ན་རིལ་གྱིས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོར་སྡོད་ཁང་གསར་པ་བརྒྱབ་པ་མ་ཟད། ལྷ་ས་དང་ས་ཐག་ཉེ་བས་བུ་ཕྱིར་ལས་ཀར་སྐྱོད་བདེ་པོ་འདུག དེ་ཙམ་མ་ཟད་ད་དུང་ང་རང་ཉེ་འགྲམ་གྱི་ཐོན་ལས་གླིང་དུ་གླ་པ་བྱེད་ཞོར་དུ་ཁྱིམ་ཚང་ལ་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད། ན་རིལ་གྱི་བུ་ལྷ་སར་བདེ་སྲུང་བ་བྱས་ནས་ཟླ་རེར་གླ་ཕོགས་སྒོར་3000ཙམ་ཡོད་པ་དང་བཟའ་ཟླ་ལས་ཡུལ་དུ་ལས་ཀ་བྱས་ནས་ཉིན་ལྟར་ཡོང་འབབ་སྒོར་130ཙམ་ཡོད་པ་མ་ཟད། ན་རིལ་ཡང་ཞོར་དུ་བཀོད་སྒྲིག་བྱ་ཡུལ་དུ་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ཀ་བྱས་ཏེ་ཟླ་རེར་གླ་ཕོགས་སྒོར་1000ཙམ་ཡོང་གི་ཡོད་པའི་ཁར་སྲིད་གཞུང་གིས་སྤྲད་པའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་ཡོད་སྟབས་ད་ཆ་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།
         2016ལོའི་ཟླ་11ཚུན་དུ། ལྷ་སའི་བདེ་སྐྱིད་གྲོང་གསར་དུ་སྔ་རྗེས་སུ་སྤོས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་100ཡི་མི་གྲངས་527ཡོད། གྲོང་མི་ཚོ་སྡོད་སའི་ཁང་པ་ནི་ནང་མི་མང་ཉུང་ལ་གཞིགས་ནས་བགོས་པ་དང་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་གྲལ་སྟར་སྒྲིག་པོ་ཡོད།
         ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་སློབ་ཞུགས་དང་། སྨན་བཅོས། ལས་ཞུགས་སོགས་ཐོན་ཁུངས་འཆར་འགོད་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་གྱི་ཉེ་འགྲམ་དུ་བུ་བཅོལ་ཁང་དང་ཚོང་ལས་ཁྲོམ་གཞུང་སོགས་སྒྲིག་བཀོད་བཀོད་སྒྲིག་བྱས་ནས་མིག་སྔར་དེར་སྡོད་མཁན་གྲོང་མི་ཚང་མ་དབུལ་སྒྲོལ་ཐུབ་ཡོད།
         བོད་ལྗོངས་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་དབུལ་པོའི་ས་ཁུལ་གཅིག་པུ་དེ་ཡིན་པ་དང་། 2020ལོར་སླེབས་སྐབས་ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོའི་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ་དང་། བོད་ཀྱིས་2018ལོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དབུལ་སྒྲོལ་ལ་ཚོད་འཛིན་བཟོ་བའི་འཇུར་མིག་སེལ་ཐུབ་པ་བྱས་ཏེ་མི་འབོར་དབུལ་པོ་ཁྲི་14ཡན་སླར་ཡང་ཉུང་དུ་གཏོང་རྒྱུ་དང་སྦྲགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།