འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་9དང་མཉམ་དུ་ནས་ཀྱི་ཐོན་འཕར་
    དང་འབྲི་གཡག་སྡོམ་གསོར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་ནས་དང་འབྲི་གཡག་གི་རིགས་སྤུས་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གིས་ཉིན་ཤས་གོང་རྩི་ཤིང་གི་ནད་འབུའི་གནོད་པའི་སྐྱེ་དངོས་རིག་པ་དང་སྐྱེ་དངོས་རྒྱུད་པ་ལེགས་བཅོས་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་9དང་ཚན་རྩལ་མཉམ་ལས་ཀྱི་འདོད་འདུན་བཞག་པ་རེད།
         “ནས་ནི་བོད་ཀྱི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་ཞིང་ལས་སྐྱེ་དངོས་ཤིག་རེད”ཅེས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། ཁོང་གིས་2017ལོར་བོད་དུ་ནས་འདེབས་ཁྱོན་མུའུ་ཁྲི་210ལྷག་ཙམ་ཟིན་པ་དེས་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་གྱི་75%བཟུང་བ་དང་། སྤྱིའི་ཐོན་ཚད་ཏུན་ཁྲི་79ཟིན་པ་དེས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཀྱི་77%བཟུང་ཡོད་ཅེས་བཤད།
         འབྲི་གཡག་ནི་བོད་ཀྱི་འབྲོག་ལས་འཕེལ་རྒྱས་གཏོང་བའི་སྒོ་ཕྱུགས་གཙོ་བོ་ཞིག་ཡིན་ལ་འབྲོག་པའི་སྐྱེལ་འདྲེན་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན་པར་བརྟེན། “ས་མཐོའི་གྲུ་གཟིངས”ཞེས་ཀྱང་བརྗོད་ཀྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། བོད་དུ་ལོ་ལྟར་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་420ཡོད་པ་དང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ནི་བོད་ཀྱི་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཀྱང་རེད།
         བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་འགན་འཁུར་བས་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་ནས་དང་འབྲི་གཡག་གི་རིགས་སྤུས་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གིས་ལོ་ལྟར་མཉམ་ལས་ཚན་པ་དང་ཞིབ་འཇུག་བྱ་གཞི་བཙུགས་ཏེ་ནས་ཐོན་འཕར་དང་འབྲི་གཡག་སྡོམ་གསོ་སོགས་ཁྱབ་ཁོངས་ཀྱི་གནད་དོན་མཉམ་དུ་སེལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།