འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་གསུམ་ཕྱིར་སའི་གོ་ལར་ལོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་28ཉིན་གྱི་ཞོགས་པར། ཨུ་རུ་སུའི"མནའ་འབྲེལ་MS—06"རྟགས་ཀྱི་འཕུར་གྲུ་བདེ་བླག་ངང་ཧ་སག་སི་ཐན་རྒྱལ་ཁབ་མངའ་ཁོངས་ནས་སར་བབས་པ་དང་། རྒྱལ་སྤྱིའི་བར་སྣང་ས་ཚིགས་ནས་ཟླ་5དང་ཕྱེད་ཀའི་རིང་ལ་ལས་ཀ་བྱས་པའི་འཇིག་རྟེན་འཕུར་སྐྱོད་པ་གསུམ་བདེ་བླག་ངང་སའི་གོ་ལར་ལོག་པ་རེད།
           སའི་གོ་ལར་ལོག་པའི་འཇིག་རྟེན་འཕུར་སྐྱོད་པ་གསུམ་ནི་ཨུ་རུ་སུ་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་པ་ཨ་ལེ་ཧྲན་ཏ·སྨི་སུའུ་ཨར་དང་། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་པ་མཱ་ཁེ་·ཧྥན་ཏེ་ཧོ་དང་ཆིའོ་·ཨ་ཁཱ་པ་གཉིས་བཅས་ཡིན་པ་རེད། ཐེངས་འདི་ལ་ཁོང་ཚོ་ནི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ནས་ཉིན་168ལ་བསྡད་དེ་རྣམ་གྲངས་མང་པོའི་ཚན་རིག་ཞིབ་འཇུག་དང་ཚོད་ལྟ་བྱས་པར་མ་ཟད། བར་སྣང་ས་ཚིགས་ཀྱི་སྲུང་སྐྱོབ་དང་འབྲེལ་ཡོད་སྒྲིག་ཆས་ལྷུ་སྒྲིག་གི་ལས་ཀར་ཡང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།