འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཏ་ཐུང་རྫོང་གིས་བྱ་ཐབས་དངོས་བཏོན་ནས་གྲོང་གསེབ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་
    དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏ་ཐུང་གིས“ནམ་ཡང་གནས་པའི་ལས་དོན་རུ་ཁག”ཅིག་གཏོད་ཆེད། བྱ་ཐབས་དངོས་བཏོན་ནས་གྲོང་གསེབ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད།
         ཏ་ཐུང་རྫོང་གིས“ཞིང་དུད་ཀྱི་ཏང་སློབ་ཆུང་ངུ”དང“དུས་རབས་གསར་པའི་ཁྲིད་སྦྱོང་སུའོ”“མི་སེར་གྱི་འཆད་སྟེགས”སོགས་གསར་གཏོད་ཀྱི་བྱ་ཐབས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གཞི་དང་། སློབ་ཁང་། བསམ་བློ་བཅས་ཀྱི་ནང་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་ཡོན་གྱི་ལྟེ་བའི་དུད་ཁྱིམ་གྱི་ཚོད་ལྟའི་ལས་དོན་དང་། གྲོང་གསེབ་ཀྱི“567”དུད་ཁྱིམ་དུ་བསྐྱོད་པའི་ལས་ཀའི་བྱེད་ཐབས། 
         གྲོང་གསེབ་ཏང་ཡོན་ཁྱིམ་ཚང་གི“སྒོ་བྱང་བཀལ་ནས་མིག་དཔེ་འདོན་པ”སོགས་ཀྱི་བྱེད་སྒོ་ཁྱབ་གདལ་བཏང་ནས་རྟག་ཏུ་ཏང་གཤིས་སྦྱོང་བརྡར་དང་མི་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབས་ཏེ་ཏང་ཡོན་གྱི་གཟི་བརྗིད་ཀྱི་བསམ་པ་དང་སྤོབས་སེམས་ཆེ་རུ་བཏང་བ་དང་ཆབས་ཅིག་ཏང་ཡོན་གྲོང་ཚོ་རིམ་པའི་དོ་དམ་གྱི་ལས་དོན་ནང་ཞུགས་པའི་སྤྲོ་སེམས་ཀྱང་འཕེལ་བ་བྱས་པ་རེད།
         རྫོང་ཡོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ཁྲོད་གྲོང་གསེབ་ཏང་ཡོན་འཕེལ་རྒྱས་གཏོང་བའི་བསྡུར་གྲངས་འོས་འཚམ་གྱིས་མང་དུ་བཏང་ཡོད། གྲོང་གསེབ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་བ་བརྒྱུད་སྔོན་ཐོན་དཔེ་མཚོན་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ཏང་ཡོན་དང་ཏང་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་ཕྱིན་པ། གཞན་ཡང་གཞོན་ནུ་ཏང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། རང་རྟོགས་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། གཞན་ཡང་གཞོན་ནུར་གོ་སྐབས་བཏོད་ནས་གྲོང་གསེབ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཡོད།
        སྟབས་བདེ་བའི་ཆ་རྐྱེན་དང་ཐོན་ཁུངས་མཁོ་འདོན་བྱས་ཏེ། སློབ་རྒྱུས་ལེན་པའི་རྒྱུན་ མཐུད་སློབ་གསོ་གཏོང་སྟངས་འཚོལ་ཞིབ་བྱས་ཤིང་། ཏང་གི་སློབ་གྲྭ་དང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་སོགས་ཀྱི་སློབ་གསོའི་སྒྲིག་གཞི་དང་མཐུན་སྦྱོར་བཅས་བྱས་ཏེ་གནས་གཏན་འཁེལ་གྱིས་སློབ་རྒྱུས་མཐོ་བའི་གྲོང་གསེབ་ཀྱི་ལས་བྱེད་པ་གསོ་སྦྱོང་བྱས་ནས་འཆར་གཞི་ལྡན་པའི་ངང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རིག་གནས་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།