འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པས་ཡུལ་སྐོར་ལས་
    རིགས་འཕེལ་རྒྱས་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པ་དེས་དཀར་མཛེས་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། དཀར་མཛེས་ཀྱི་ཡུལ་སྐོར་ལས་རིགས་ལའང་འཕེལ་རྒྱས་བྱུང་ཡོད། 2018ལོའི་དཔྱིད་གསར་དུས་ཆེན་ནི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཀྱི་དཔྱིད་གསར་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་དང་པོ་དེ་རེད། ཡུལ་སྐོར་བས་སྒེར་འཁོར་བཏང་ནས་དཀར་མཛེས་སུ་བསྐྱོད་དེ་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་ངོ་མཚར་ལྡན་པའི་རིག་གནས་མྱོང་རོལ་བྱེད་ཀྱི་ཡོད།
         ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ནས་བཟུང་ཆུ་ཚོད་རེར་རླངས་འཁོར་1300ལྷག་ཙམ་ལམ་དེ་བརྒྱུད་ནས་ལྕགས་ཟམ་ཁ་གྲོང་ཁྱེར་དུ་སྐྱོད་ཀྱི་ཡོད། རྒྱལ་མོ་རྔུལ་ཆུའི་ལྕགས་ཟམ་ཐོག་ཡུལ་སྐོར་བ་ཚོ་དལ་བུར་སྐྱོད་བཞིན་མཆིས། “འདིར་ལོ་སུམ་ཅུ་ལྷག་ཙམ་འཚོ་བ་བསྐྱལ་ཀྱང་མི་ཚོགས་མང་པོ་འདི་འདྲ་ད་བར་མཐོང་མྱོང་མེད། འདི་ལོའི་དཔྱིད་གསར་དུས་ཆེན་ནི་ལོ་རྒྱུས་ཐོག་ལྕགས་ཟམ་ཁར་འཁྲུག་ཆ་དོད་ཤོས་ཀྱི་ལོ་གསར་ཞིག་རེད”ཅེས་ལྕགས་ཟམ་ཁ་རྫོང་གི་ལས་དོན་མི་སྣ་ཞིག་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
         མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མང་པོ་དེར་འགྲོ་བ་དང་སྦྲགས་ལྕགས་ཟམ་ཁ་རྫོང་གི་ཡུལ་སྐོར་ལས་རིགས་གཉེར་མཁན་གྲོང་མི་རྣམས་ཀྱང་དགའ་སྤྲོས་ཁེངས། དྲོ་ཉི་ཤང་དྲོ་ཉི་གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་གི་གཉེར་སྐྱོང་བས་དགའ་ཚོར་ཆེན་པོས“མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པས་ཡུལ་སྐོར་བ་དེ་བས་མང་བ་ང་ཚོའི་གྲོང་ཚོར་ཡུལ་སྐོར་དུ་ཡོང་རྒྱུར་དགའ་བསུ་ཞུ་ཡི་ཡིན”ཞེས་བཤད།
         ལྕགས་ཟམ་ཁ་རྫོང་དང་འདྲ་བར་དུང་དཀར་རོང་མཛེས་ལྗོངས་ཁུལ་གྱིས་ད་ཐེངས“ཡུལ་སྐོར་བ་ཆེས་མང་དུ་འགྲོ་བའི”གནས་ཚུལ་ལ་སྔ་ས་ནས་ཚོད་དཔག་ཐུབ་ཡོད། མཛེས་ལྗོངས་ཁུལ་དེས་སྔ་སྣུར་དུ་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་གྲ་སྒྲིག་བྱས་ཏེ་དུང་དཀར་རོང་གི་དམངས་སྲོལ་རིག་གནས་འགྲེམས་སྟོན་བྱས་ནས་ཡུལ་སྐོར་བ་དེར་ཞུགས་རྒྱུའི་ཡིད་དབང་འགུག་གི་ཡོད། དེ་དང་དུས་མཚུངས་མཛེས་ལྗོངས་ཁུལ་དེས་དེ་གོང་གི་སྔོན་ཇུས་གཞིར་བཟུང་འགྲིམ་འགྲུལ་དང་། ཡུལ་སྐོར། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་བཅས་ཀྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་བ་དང་སྒྲིག་ལམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་སྣེ་ལེན་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།