འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག་གཅིག་གདན་དྲངས་ནས་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རིམ་དང་ཕན་འབྲས་སྐོར་གླེང་ཞིང་། “འཐུས་མི་དང་ཨུ་ཡོན་ཚོས་བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུའི་སྐོར་གླེང་བ”ཞེས་པ་ནི་ད་རེས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་རེད།
         སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལྟེ་གནས་ཀྱི་ཀྲུའུ་རེན། འགོ་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏུང་ཞའོ་ཕིང་གིས་རང་རྒྱལ་གྱི་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཨེ་ཙེའི་ནད་དང་། མཆིན་ནད་ལྡེམ་བུ། གློ་གཅོང་། ཁྲག་འཇིབ་འབུ་ཕྲའི་ནད་སོགས་འགོ་ནད་ཚབས་ཆེན་ཕོག་ཚད་དང་མི་སྣ་འཆི་ཚད་གཉིས་ཀ་བསམ་ཚོད་ཀྱི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་དང་། གསར་དུ་ཐོན་པ་དང་ཕྱི་ཡོང་འགོ་ནད་མང་པོ་ཞིག་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་གྱི་སྒྲིག་ཚང་ཚོགས་སྒྲིག་གིས་ཕྱི་ཕྱོགས་སུ་རོགས་སྐྱོར་གྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། 2014ལོར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་དུ་ཨེ་པོ་ལ་རིམས་ནད་ཐོན་ཞིང་། རང་རྒྱལ་གྱིས་ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་བཅིངས་འགྲོལ་དམག་གི་དམག་དོན་གསོ་རིག་ཚན་རིག་ཁང་གིས་ལྟེ་བར་བྱས་པའི་ཚོད་ལྟ་ཁང་གི་ཞིབ་དཔྱད་དང་རིམས་ནད་རིགས་པའི་གསོ་སྦྱོང་རུ་ཁག་ཁག་ཐེངས་མང་པོ་སྒྲིག་འཛུགས་བྱས་ནས་རིམས་ནད་ཕོག་ཁུལ་དུ་བཏང་སྟེ་ཨེ་པོ་ལ་རིམས་ནད་ཚོད་འཛིན་དང་སྨན་བཅོས་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་ནི་རིམས་ནད་ཕོག་ཁུལ་དུ་བསྐྱོད་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། སྔར་བཞིན་རིགས་གཅིག་མཁས་ཅན་རྒྱུན་མཐུད་ནས་སི་ར་ལ་ཨོང་དུ་ལས་ཀ་བྱེད་པར་བཏང་བ་དང་ད་ཆ་མི་11སྔར་བཞིན་དེ་གར་ལས་ཀ་བྱེད་བཞིན་ཡོད། 2016ལོར་ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལྟེ་གནས་བསྐྲུན་ཡོད། རང་རྒྱལ་གྱི་འཕྲོད་བསྟེན་རོགས་སྐྱོར་བྱེད་སྟངས་སྔོན་ཆད་འཛུགས་སྐྲུན་རྣམ་གྲངས་ཁོ་ན་ཡིན་པ་ནས་ད་ཆ་འཕྲལ་སྡོམ་རོགས་སྐྱོབ་དང་རྒྱུན་གཏན་གྱི་ལས་ཀ་ཟུང་འབྲེལ་བྱེད་པར་འགྱུར་ཡོད་ཅེས་གསུངས།
         འདི་ལོའི་ཟླ་3པར་ཆམ་རིམས་གསར་པ་སླར་ཡང་སླེབས་སྲིད་པའི་བཤད་སྒྲོས་ལ་གཞིགས་ཏེ། ཏུང་ཞའོ་ཕིང་གིས་འདི་ལོའི་ཆམ་རིམས་སྔར་བཞིན་རྒྱུན་གཏན་དང་འདྲ་པོ་ཡོད་པ་དང་འདི་ལོའི་ཆམ་རིམས་མཆེད་ཚུལ་གྱི་ནད་དུག་ལ་འགྱུར་བ་ཆུང་ངུ་ཞིག་བྱུང་ཡོད། ཟླ་3པར་ཆམ་རིམས་ཕོག་མང་བའི་དུས་ཚོད་ཐུང་ངུ་ཞིག་ཡོང་གི་ཡོད་ཅིང་། དེ་ནི་གཙོ་བོ་དཔྱིད་གྲང་བསྟན་པའི་ཁར་མི་འབོར་འགྲུལ་བཞུད་བྱེད་མང་བའི་རྐྱེན་གྱིས་རེད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།