འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོས་པའི་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་མངག་ཐོ་
    བསྡོམས་འབོར་815ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གོའི་ཧྭ་རུང་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སིའི་མངའ་འོག་མ་རྐང་ཚོད་འཛིན་ཡན་ལག་ཀུང་སི་ཧྭ་རུང་དངུལ་རྩ་བོགས་གཏོང་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་འགན་འཁྲི་ཚད་ཡོད་ཀུང་སིས་པེ་ཅིང་དུ་C919རྟགས་ཅན་གྱི་འགྲུལ་སྐྱེས་གནམ་གྲུ་ཆེ་གྲས་30དང་ARJ21རྟགས་ཅན་ཟུར་ལམ་གསར་པའི་གནམ་གྲུ་20ཉོ་རྒྱུའི་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ARJ21རྟགས་ཅན་ཟུར་ལམ་གསར་པའི་གནམ་གྲུས་འགྲུལ་པ་མི་ཐེངས་ཁྲི་4.9བསྐྱལ་ཡོད་ཅིང་། ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བར་བརྟན་པོར་སྐྱོད་བཞིན་ཡོད་པ་དང་། C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་མཁའ་དབྱིངས་སུ་འཕུར་བ་དང་། རྗེས་མཐུད་འཕུར་སྐྱོད་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། CR929རྟགས་ཅན་རྒྱང་འཕུར་གུ་ཡངས་འགྲུལ་སྐྱེལ་གནམ་གྲུ་ཕྱོགས་ཡོངས་ནས་མཉམ་འབྲེལ་ཞིབ་འཇུག་བཟོ་འགོ་ཚུགས་པ་རེད། མིག་སྔའི་བར་རྒྱལ་ཁབ་ཕྱི་ནང་གི་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་སྤྱོད་མཁན་28ཟིན་པ་དང་། གནམ་གྲུ་མངག་ཐོ་བསྡོམས་འབོར་815ཟིན་ཡོད་པ་དང་། ARJ21རྟགས་ཅན་ཟུར་ལམ་གསར་པའི་གནམ་གྲུ་སྤྱོད་མཁན་21ཟིན་པ་དང་། གནམ་གྲུ་མངག་ཐོ་བསྡོམས་འབོར་453ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།