འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཆེན་རིང་བོད་ལྗོངས་ཉིང་ཁྲིར"བདེ་སྐྱིད་ལྡན་པའི་གྲོང་གསེབ"ཉམས་སུ་མྱོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གསར་འགོད་པ་ལྷ་ས་གྲོང་ཁྱེར་ནས་རྡོག་ཐོན་བྱས་ཏེ་གསར་དུ་བསྐྲུན་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་བོད་ཤར་ལྷོའི་ཉིང་ཁྲི་གྲོང་ཁྱེར་དུ་འབྱོར། ལམ་རྒྱུད་ཀྱི་གང་སར“བདེ་སྐྱིད་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་ལས་ཞིང་འབྲོག་པར་བདེ་སྐྱིད་ཚོར་སེམས་ཐོབ་པ་མངོན་གྱི་འདུག
         བུ་ཕ་གྲོང་གསར་ནི་རྫ་ཡུལ་རྫོང་གི་དབུལ་སྐྱོར་གནས་སྤོས་ཀྱི་དཔེ་སྟོན་གྲོང་ཚོའི་གྲས་ཤིག་ཡིན་པ་དང་ཁྱོན་བོད་རིགས་དུད་ཚང་63ཡོད། གྲོང་ཚོ་འདི་ཉིད་ལ་བོད་བཟོའི་ཁྱད་ཆོས་ཆེན་པོ་ལྡན་པའི་སྐྲུན་དངོས་ཀྱི་རྣམ་པ་གསར་ལ་གྲལ་འགྲིག་པ་དང་དུད་ཚང་མི་རེ་ངོ་རེ་ཚང་མར་བརྙན་འཕྲིན་དང་། གློག་ཀླད། འཁྱགས་སྒམ། ཆུ་འདེད་གསང་སྤྱོད། ཉི་ནུས་ལུས་འཁྲུ་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་ཁྱིམ་ཆས་ཡོད། བོད་རིགས་ཁྱིམ་ཚང་དེ་དག་གིས་ད་དུང་དུག་སེལ་སྒམ་ཡང་སྤྱོད་པ་ལས་གསར་འགོད་པ་དེ་བས་ཧང་སངས་བྱུང་།
         “ངའི་ཁྱིམ་དུའང་དུག་སེལ་སྒམ་བེད་སྤྱོད་བྱེད་ཀྱི་མེད། ཁོང་ཚོའི་སྒོ་རའི་ནང་གི་ཞུ་མཁན་དང་། སེ་འབྲུ། རྒུན་འབྲུམ་ལ་ལྟ་སྐབས་འཚོ་བ་འདི་ལྟ་བུ་ལ་ང་ཚོའང་ཡིད་སྨོན་སྐྱེ་དགོས་པ་ཞིག་འདུག”ཅེས་རྫ་ཡུལ་སྨད་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་སྤེན་པ་སྒྲོལ་དཀར་གྱིས་ཚོར་སྣང་ཟབ་མོས་བཤད།
         མེ་ཏོག་རྫོང་དུ་དེ་སྔ་མོན་པ་རིགས་དང་ལྷོ་པ་རིགས་ཀྱིས་ཤིང་དང་རྡོ་ལེབ་བམ་ཡང་ན་འཇག་རྩྭ་ལ་བརྟེན་ནས་བརྒྱབ་པའི་ཀ་སྟེང་ཐོག་ཁང་ཉུང་དུ་སོང་ནས་འཆར་འགོད་གོ་རིམ་ལྡན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ། རི་སྔོན་པོ་རྒྱབ་བརྟེན་དུ་བྱས་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་གསར་པར་གྱུར་ཡོད།
         དེ་དང་བསྟུན་ནས་མི་རྣམས་དགའ་འོས་པའི་རྣམ་པ་ཞིག་སྨན་གླིང་གནམ་ཐང་ཉེ་འགྲམ་གྱི་བམ་གྲོང་གྲོང་ཚོར་མངོན་ཞིང་། གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་དང་གང་སར་སྦྲེལ་བའི་ཨར་འདམ་ལམ། བུ་བཅོལ་ཁང་གསར་རྐྱང་། དེང་རབས་ཅན་གྱི་ཚོང་ཁང་། ཁྱིམ་ཚང་མི་རེ་ངོ་རེའི་ཐོག་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་ལས་མཐའ་མཚམས་གྲོང་ཚོ་དེའི་ཉམས་འགྱུར་གསར་པ་གང་ལེགས་མངོན་གྱི་ཡོད།
         “ང་ཚོར་ཤ་ཚལ་སྒོང་གསུམ་གྱི་འདུ་འགོད་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས། གནམ་ཐང་གི་ཉོ་ཚོང་ཟོག་འདྲེན་ཁུལ། ཅང་ཤིན་གླིང་ཕྲན་ཚན་རྩལ་དཔེ་སྟོན་གླིང་། ཤིའར་ཏུན་གསོལ་མགྲོན་ཁང་། ཧྭ་ཧྥ་གསོལ་མགྲོན་ཁང་གི་ཚོགས་འགྲེམས་རྣམ་གྲངས་སོགས་ཡོད”ཅེས་གྲོང་ཚོའི་ཀྲུའུ་རེན་ནོར་བུས་བརྗོད། ཁོང་གིས“གྲོང་ཚོའི་དུད་ཚང་ཚང་མ་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་སྣང་དག་མེད”ཅེས་སླར་ཡང་བརྗོད་བྱུང་།
         བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོར་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་གསར་འགོད་པས་མཐོང་ཞིང་། དེའི་ནང་ལྕགས་རི་སྒྱུར་བཀོད་དང་། ཆུ་མཁོ་སྤྲོད་དང་བཤངས་འབུད་ལས་གྲྭ མདོང་ལམ་རིམ་སྤོར་སྒྱུར་བཀོད། རླངས་འཁོར་འཇོག་ས་སོགས་ཚུད་པ་ལས་གྲོང་ཚོའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུ་ཡིན་པ་རེད། གནས་དེར“བདེ་སྐྱིད་ལྡན་པའི་གྲོང་གསེབ”4འཛུགས་སྐྲུན་དང་སྒྱུར་བཀོད་ལེགས་གྲུབ་ཟིན་པ་རེད།
         “རྣམ་གྲངས་སྔ་ཙམ་ལེགས་གྲུབ་ཡོང་རྒྱུའི་རེ་བ་ཡོད། དེ་འདྲ་བྱུང་ཚེ་ང་ཚོ་ལས་ཀ་ཚར་རྗེས་ནང་ལ་ལོག་སྐབས་རང་ཉིད་ཀྱི་ཁྱིམ་མཐོང་འཕྲལ་སེམས་ནང་དགའ་ཚོར་སྐྱེས་ནས་ནང་ལས་ཀྱང་བྱེད་འདོད་ཡོད་པ་ཆགས་ཀྱི་འདུག”ཅེས་གྲོང་མི་མིག་དམར་གྱིས་བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།