འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་དཔའ་རིས་
    བོད་རིགས་ཀྱི་སྐད་ཡིག“མྱུར་སྐྱོབ”བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་ཀྱི་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དགེ་འདུན་ཚེ་རིང་གིས་ཉེ་ཆར་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་དུས་འདས་ཟིན་པའི་ལོ་གཅིག་ནང་དུ། རྫོང་འདིས་དཔའ་རིས་བོད་ཁུལ་གྱི་སྐད་ཡིག་མྱུར་སྐྱོབ་དང་སྲུང་སྐྱོང་བྱས་ཤིང་། བོད་ཡིག་ཏུ་སྤྱོད་པའི་ཡི་གེ་བཅོས་སྐྱོང་ལེགས་སྒྲིག་དང་ཚད་ལྡན་དུ་གཏོང་བར་བརྟེན་ནས་སྒོ་བྱང་དང་ཚོགས་རྟགས། ཐམ་ག་སོགས་ཀྱི་ཡིག་སྒྱུར་ལེགས་འགྲུབ་བྱས་པ་མ་ཟད། ད་དུང་བོད་ཡིག་ཐ་སྙད་གསར་པ་120ཡིག་སྒྱུར་ལེགས་འགྲུབ་བྱས་པ་རེད། 
         དགེ་འདུན་ཚེ་རིང་གིས་ངོ་སྤྲོད་བྱས་ནས་འདིའི་ཆེད་དུ་བོད་སྐད་ཡིག་གཞུང་ལས་ཁང་གིས་དུས་རྒྱུན་དུ་དམངས་ཁྲོད་སྒྱུ་རྩལ་པར་འདྲི་འཚོལ་གཞོལ་པ་དང་། དམངས་ཁྲོད་རིག་གནས་འཚོལ་བསྡུ་དང་སྲུང་སྐྱོང་བྱས་ནས་ཉར་ཚགས་བྱས་ཡོད་པའི་ཕུལ་བྱུང་གི་བོད་ཀྱི་རིག་གནས་དག་སྒྲ་འབེབས་པ་དང་བརྙན་འབེབས་པའི་བྱ་ཐབས་ལ་བརྟེན་ནས་ཉར་ཚགས་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་རྒྱལ་ཡོངས་ཀྱི་སྐད་གཉིས་འཆམ་མཐུན་གྲོང་ཚོ་སྟེ་བཀྲ་ཤིས་ཕྱུག་ལུང་ཤང་བདེ་ཆིན་གྲོང་ཚོ་གཙོ་བོར་བྱས་ནས་ཕ་སྐད་རྒྱུན་འཛིན་དང་རྒྱ་ཡིག་སྤྱི་སྐད་རེས་མོས་གསོ་སྦྱོང་བྱས་ཏེ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཁོར་ཡུག་བསྐྲུན་ཡོད་ཅེས་བརྗོད་པ་རེད།
         མིག་སྔའི་བར་དུ་ཀན་སུའུ་དཔའ་རིས་ཀྱིས་སྐད་གཉིས་ཡིག་སྒྱུར་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མི་སྣ་གསོ་སྦྱོང་ལས་དོན་སྤེལ་ནས་ཁྱོན་བསྡོམས་སློབ་མ་མི་ཐེངས་530གསོ་སྦྱོང་བྱས་པ་རེད།
         དགེ་འདུན་ཚེ་རིང་གིས་བོད་ཀྱི་སྐད་ཡིག་གཞུང་ལས་ཁང་གིས་གནའ་བོའི་དམངས་གླུ་300ལྷག་ལེགས་སྒྲིག་བྱས་པ་དང་། བསྐྱར་དུ་དཔར་སྐྲུན་འགྲེམས་སྤེལ་བྱེད་གྲབས་ཡོད་པའི་《བོད་ཁུལ་རྒྱ་མཚོའི་ནོར་བུ་》ཞེས་པ་དང་《དཔའ་རིས་ཀྱི་ལ་གཞས་》ཞེས་པར་དཔྱད་གཞིའི་ཡིག་རིགས་རྩ་ཆེན་གསབ་སྣོན་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།