འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བར་སྐོར་ཁྲོམ་གཞུང་ནང་ཚོང་བྲིན་ཁ་རྒྱུག་པ། 

    —— རྒྱ་རིགས་ཚོང་པ་ཞིག་གིས་ལྷ་སར་ལོ་གསར་བཏང་བའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          འདི་ལོར་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་བས་ལྷ་སའི་ལོ་གསར་གྱི་ཁྲོམ་ར་དེ་བས་འཁྲུག་ཆ་དོད་པོ་ཡོད་པ་རེད།
          གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་པའི་བར་སྐོར་ཁྲོམ་གཞུང་རྒྱུད་དུ་ལོ་གསར་རིང་ཚོང་ཁང་དང་ཁྲོམ་སྟེགས་ཐོག་ཁྲོམ་འདོན་མཁན་ཁག་གཅིག་རྒྱུན་གཏན་བཞིན་ཚོང་གཉེར་བྱེད་བཞིན་ཡོད་པ་མཐོང་བ་དང་། ཚོང་པ་ཁག་གཅིག་ནི་བོད་རིགས་དང་། ལ་ལ་ནི་ཧུད་རིགས། ཕལ་ཆེ་བ་ནི་རྒྱ་རིགས་ཡིན་པ་རེད།
         འདི་ལོ་ནི་ཧྲི་ཧའེ་རུང་ལྷ་སར་དཔྱིད་གསར་དུས་ཆེན་གཏོང་ཐེངས་གཉིས་པ་ཡིན་ཞིང་། ཁོང་གིས“ན་ནིང་ལོ་གསར་གོང་འདི་གར་ཚོང་རྒྱག་པར་ཡོང་བས་ཡོང་འབབ་ཡག་པོ་བྱུང། འདི་ལོ་སླར་ཡང་འདི་གར་ཡོང་བ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་ཁྲོམ་སྟེགས་ཐོག་གི་ཐབ་ཆས་སྒྲིག་བཞིན་དུ“ལྷག་པར་དུ་ལོ་གསར་གོང་ལོ་གསར་གྱི་ཉེར་མཁོ་གྲ་སྒྲིག་བྱེད་སྐབས་ངས་ཉིན་གཅིག་ལ་སྒོར་ཉིས་སྟོང་ལྷག་ཙམ་རི་བའི་ཅ་དངོས་འཚོང་ཐུབ་ཀྱི་འདུག ཅ་ལག་ཉོ་མཁན་གྱི་གྲས་སུ་ལྷ་ས་བ་ཡོད་ལ་ད་དུང་ཆེད་མངགས་ལྷ་སར་ཅ་ལག་ཉོ་བར་ཡོང་མཁན་གྱི་ཞིང་འབྲོག་མང་ཚོགས་ཀྱང་འདུག”ཅེས་བཤད་བྱུང་།
         གལ་ཏེ་ལྷ་ས་ནི་ཧྲི་ཧའེ་རུང་ཡུལ་གྲུ་ཀུན་ཏུ་བསྐྱོད་སའི་ས་ཚིགས་ཤིག་ཡིན་ཞེས་བརྗོད་ཚེ་ཀྲེ་ཅང་ཧང་ཀྲོའུ་ནས་ཡིན་པའི་ཨ་ཁུ་ཝང་ལགས་ཀྱི་ངོས་ནས་བརྗོད་ན་ལྷ་ས་ནི་ཁོང་གི་ཕ་ཡུལ་གཉིས་པ་ཡིན་པ་རེད།
         ཨ་ཁུ་ཝང་ལགས་1986ལོར་ཕ་ཡུལ་གཅིག་པ་དང་མཉམ་དུ་ལྷ་སར་ཡོང་བ་དང་སྐབས་དེ་དུས་ལས་ཡུལ་དུ་ཤིང་བཟོ་བ་བྱས་ནས་བསྡད། 2001ལོར་ལོ་ན་མཐོ་བའི་ཨ་ཁུ་ཝང་ལགས་ཀྱིས་བདེ་ཐང་ལ་བསམ་བློ་བཏང་བ་དང་བཟའ་ཟླས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་ཤིང་བཟོ་བྱེད་མཚམས་བཞག་ནས་ཀོ་ལྷམ་ཆེད་ཚོང་ཁང་ཞིག་བཙུགས་པ་རེད།
         ཨ་ཁུ་ཝང་ལགས་ཀྱི་ལྷམ་ཚོང་ཁང་བར་སྐོར་ཁྲོམ་གཞུང་གི་སྲང་ལམ་གྱི་སྦུག་ཏུ་གནས་ཡོད་པ་དང་། ཐོག་མའི་དུས་སུ་ཚོང་ཡག་པོ་དེ་ཙམ་མེད་མོད། ཡིན་ནའང“ལྷམ་ཡག་པོ་ཡོད་ན་ཚོང་ཁང་སྲང་ལམ་སྦུག་ཏུ་གནས་ཀྱང་ཚོང་མི་ཐུབ་པའི་སེམས་ཁྲལ་མི་འདུག ལོ་དེ་དག་རིང་ལྷམ་ཉོ་བར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་ཨ་ཁུ་ཝང་ལགས་ཀྱིས་གསར་འགོད་པར་བཤད་བྱུང་།
         “གཙོ་བོ་ནི་མི་སེར་གྱི་འཚོ་བ་ཡག་ཏུ་སོང་བས་ཅ་དངོས་ཉོ་མཁན་དེ་བས་མང་དུ་འགྲོ་བཞིན་འདུག”ཅེས་ཨ་ཁུ་ཝང་ལགས་ཀྱིས་བརྗོད་པ་དང་། ཁོང་གི་ལྷམ་གྱི་ཆ་སྙོམས་གོང་ཚད་སྒོར་200ཙམ་ཡིན་ཞིང་། ཁོང་གིས“ལོ་གསར་གོང་ལྷམ་ཉོ་མཁན་མང་ཤོས་འདུག ཉིན་གཅིག་ལ་ཡོང་འབབ་སྒོར་སུམ་སྟོང་བཞི་སྟོང་ཙམ་འདུག ལོ་གསར་རིང་ལྷམ་ཉོ་བར་ཡོང་མཁན་ཉུང་ཡང་ཉིན་གཅིག་ལ་ཡོང་འབབ་སྒོར་བརྒྱད་བརྒྱ་དགུ་བརྒྱ་ཙམ་ཡོང་གི་འདུག”ཅེས་བཤད་བྱུང་།
         ཨ་ཁུ་ཝང་ལགས་ཀྱིས་ལོ་གསར་རིང་ཕ་ཡུལ་དུ་མི་ལོག་པར་མུ་མཐུད་ཚོང་རྒྱག་པ་ཕུད། དེ་བས་སེམས་ཆགས་པ་ནི་ལྷ་ས་གྲོང་ཁྱེར་དུ་ལོ་སུམ་ཅུ་ལྷག་ཙམ་རིང་འཚོ་བ་བསྐྱལ་མྱོང་བས་གྲོང་ཁྱེར་དེར་བརྩེ་དུང་ཟབ་མོ་ཡོད་ཅིང་། ཁོང་གིས“འདི་ལོ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་ཉིན་གཅིག་ལ་འཁེལ་བ་དང་། གནས་འདི་གར་ང་ལ་བོད་རིགས་གྲོགས་པོ་མི་ཉུང་བ་ཞིག་ཡོད་པས་ལོ་གསར་རིང་ཁོང་ཚོའི་ཁྱིམ་དུ་མགྲོན་པོར་སོང་ན་རང་ཉིད་ཀྱི་ཁྱིམ་དུ་སླེབས་པ་ལྟར་གྱི་སྣང་བ་ཡོང་གི་འདུག”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།