འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དཔྱིད་གསར་དུས་ཆེན་ལ་སི་ཁྲོན་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་གྲངས་གཞིའི་
    གློག་བརྙན་ལྟ་རྒྱུ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་གིས་གློག་བརྙན་ཁང་དུ་གློག་བརྙན་ཐོག་མར་སྟོན་པའི་མཛད་སྒོ་འཚོགས་ནས་རྫོང་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩ་ནས་གློག་བརྙན་ལྟ་ཐུབ་པ་རེད།
          “དེ་སྔོན་གློག་བརྙན་ལྟ་སྐབས་ཐང་སྡེར་དུ་ལྟ་བར་འགྲོ་བའམ་ཡང་ན་སྤྱི་ལེ་བརྒྱ་ཙམ་གྱིས་ཆོད་པའི་དར་རྩེ་མདོར་འགྲོ་དགོས་ཀྱི་ཡོད། ད་ཆ་རྫོང་གློག་བརྙན་ཁང་གི་སྒོ་ཕྱེ་ལ་དེ་རིང་སྤ་སེར་རིན་པའང་སྤྲོད་དགོས་ཀྱི་མེད་པས་ཧ་ཅང་དགའ་པོ་འདུག”ཅེས་བྱ་ཁྱུང་གྲོང་རྡལ་གྱི་ཡུལ་མི་ལྷ་མོས་ཕྲུ་གུ་ཁྲིད་ནས་གློག་བརྙན་ཁང་གི་སྒོ་ཁར་རུ་སྒྲིག་བཞིན་དུ་དེ་ལྟར་བཤད།
          གློག་བརྙན་ཁང་དུ་གློག་བརྙན་དང་པོ་《རྒྱ་ཁྲོམ་གྱི་གྱོད་གཞི་བརྟག་དཔྱད། གཉིས་པ་》ཞེས་པ་སྟོན་བཞིན་ཡོད། “གློག་བརྙན་གྱི་རས་ཡོལ་ཆེ་ལ་ཧ་ཅང་གསལ་པོ་ཡོད་མ་ཟད། ཞིང་གསལ་ཆ་ཧ་ཅང་དོད་ལ་སྒྲ་སྐྱེད་ཀྱང་གསང་པོ་འདུག་པས། དགོང་མོར་ད་དུང་ལྟ་བར་ཡོང་གི་ཡིན”ཞེས་སློབ་མ་ཡེ་ཤེས་ཀྱིས་གློག་བརྙན་ཁང་ལས་རང་ཉིད་ཀྱི་དགུང་གསེང་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་ཚུལ་སྐོར་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གུང་དང་ཕྱི་དྲོར་གློག་བརྙན་ལྟ་མཁན་གྱིས་ཡོངས་སུ་ཁེངས་པ་དང་། མང་ཚོགས་ཀྱིས་གློག་བརྙན་ཁང་ཡག་པོ་ཡོད་ཚུལ་གླེང་སྟེ་ཚང་མས་དཔྱིད་གསར་དུས་ཆེན་རིང་རྫོང་ཨུད་དང་སྲིད་གཞུང་གིས་ང་ཚོར“ཤོག་ཆག་དམིགས་བསལ་ཞིག”གནང་བྱུང་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
      

    ཕྱོགས་བསྡུས་གསར་འགྱུར།