འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་ཏ་ཅིང་གིས་འཛམ་གླིང་གི་ཟིན་ཐོ་གཉིས་གཏོར་ནས་གསེར་གྱི་རྟགས་མ་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་25ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཝུའུ་ཏ་ཅིང་གིས་འཛམ་གླིང་གི་ཟིན་ཐོ་གཉིས་གཏོར་ནས་གསེར་གྱི་རྟགས་མ་བླངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་22ཉིན་གྱི་དགོང་མོ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐག་ཐུང་མྱུར་ཤུད་ཀྱི་སྐྱེས་པའི་སྨི་500ཡི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཝུའུ་ཏ་ཅིང་གིས་ཨང་དང་པོ་བླངས་པ་དང་འབྲེལ་དེ་ཉིན་དགོང་མོ་ཁོང་གིས་བཞི་ཆ་གཅིག་གི་མཐའ་བསྡུར་ཁྲོད་འཛམ་གླིང་ཟིན་ཐོ་ལས་བརྒལ་ནས་ཀྲུང་གོའི་འཐུས་མི་ཚོགས་པར་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་པ་རེད། དེའང་ཀྲུང་གོའི་ཐག་ཐུང་མྱུར་ཤུད་རུ་ཁག་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཐོབ་པའི་སྐྱེས་པའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན་པ་རེད།
          ཨང་དང་པོ་བླངས་རྗེས་ཝུའུ་ཏ་ཅིང་རྒྱུག་རའི་ཟུར་དུ་བསྐྱོད་ནས་རྩལ་ཁྲིད་པ་གཙོ་བོ་ལི་ཡན་ལ་དགའ་སྤྲོའི་ངང་འཐམ། དེ་རྗེས་ཁོང་གིས་སྐར་ལྔའི་དར་དམར་དཀྲིས་ནས་རྒྱུག་རའི་ནང་འཁྱགས་ཤུད་གློད་དེ་གཟི་བརྗིད་ལྡན་པའི་དུས་ཚོད་དེར་རྟེན་འབྲེལ་ཞུས། ས་གནས་ས་ཐོག་གི་ཀྲུང་གོའི་ངར་སློང་རུ་ཁག་སེམས་འགུལ་ཚད་མེད་ཐེབས་ནས་དགའ་འབོད་ཐེངས་མང་བྱས། བརྙན་འཕྲིན་མདུན་དུ་ལྟད་མོ་ལྟ་བཞིན་པའི་ཀྲུང་གོ་བ་གྲངས་མེད་དགའ་ངུ་ཤོར་བ་དང་ཀྲུང་གོའི་ཐག་ཐུང་མྱུར་ཤུད་རུ་ཁག་གིས་གཟི་བརྗིད་སྲུང་བ་མ་ཟད། བརྩི་འཇོག་དང་ཐལ་མོའི་རྡེབ་སྒྲ་དེ་བས་ཐོབ་ཡོད་པ་རེད།
          “འགྲན་བསྡུར་ཧ་ཅང་དཀའ་ཚེགས་ཆེ་བས་སྐབས་དེར་འགྲན་བསྡུར་རེ་རེ་བྱས་ནས་གནོན་ཤུགས་ཆུང་དུ་བཏང་སྟེ་རང་ཉིད་ཚད་བརྒལ་ཡོང་ན་བསམས་ཀྱི་འདུག”ཅེས་ཝུའུ་ཏ་ཅིང་གིས་འགྲན་བསྡུར་རྗེས་དེ་ལྟར་བཤད། ཁོང་གིས་བཤད་པ་ལྟར་སྒྲུབ་སོང་། ཝུའུ་ཏ་ཅིང་གིས་བཞི་ཆ་གཅིག་གི་འགྲན་བསྡུར་ནང་ཐོག་མར་ཞུགས་ཏེ་སྐར་ཆ་39དང་800ཡི་གྲུབ་འབྲས་ཐོག་ནས་འཛམ་གླིང་གི་ཟིན་ཐོ་གཏོར་བ་དེས་ཁོང་གི་སྟོབས་ཤུགས་གང་ལེགས་མངོན་པ་མ་ཟད། གསེར་གྱི་རྟགས་མ་དེ་ཐོབ་ངེས་ཡིན་པའི་སེམས་ཤུགས་ཀྱིས་ཁེངས་པ་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།