འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"འདུ་འགོད་ཆེན་པོ་བརྒྱད"ཀྱིས་མགོ་ལོག་ཀྲོའུ་ཡི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་དེ་ལས་འགན་དང་འགན་འཁྲི་ཆེ་ཤོས་སུ་རྩིས་ཏེ་《མགོ་ལོག་ཀྲོའུ་ཡི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ལོ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་》བཟོས་པ་དང་འབྲེལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འདུ་འགོད་དང་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་གྱི་འདུ་འགོད། བདེ་འཇགས་སྡོད་ཁང་འགན་ལེན་གྱི་འདུ་འགོད། སློབ་གསོ་དབུལ་སྐྱོར་གྱི་ཆེད་དོན་འདུ་འགོད། ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་འདུ་འགོད། བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་རོགས་རམ་འདུ་འགོད། སྣོད་བཅུད་དབུལ་སྐྱོར་གྱི་འདུ་འགོད་སོགས“འདུ་འགོད་ཆེན་པོ་བརྒྱད”ཀྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་བར་བརྟེན་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད།
          ཤེས་རྟོགས་བྱས་པར་གཞིགས་ན། མགོ་ལོག་ཀྲོའུ་ཡིས་ལག་བསྟར་བྱས་པའི“འདུ་འགོད་ཆེན་པོ་བརྒྱད”དེ་ཀྲོའུ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཤང་གྲོང་34དང་། གྲོང་ཚོ་73 མི་ཁྲི་3.7བཅས་ལ་ཁྱབ་ཡོད་པ་དང་འབྲེལ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ལ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ལོ་གསུམ་གྱི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་84.49རེ་ཞུ་བྱས་ནས་འགྲིམ་འགྲུལ་དང་ཆུ་བེད། ནུས་རྒྱུ། འཕྲིན་གཏོང་སོགས་ཆེད་དོན་འདུ་འགོད་གཙོ་གནད་ཐོག་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་འབྲེལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ཡོད། དབུལ་སྐྱོར་ཐོན་ལས་ཁུལ་དང་འོད་ཤུགས་དབུལ་སྐྱོར། གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དྲ་ཐོག་ཚོང་ཁང་གྲོང་གསེབ་ཏུ་དར་རྒྱས་གཏོང་བའི་དཔེ་སྟོན་འདུ་འགོད་དང་དེ་བཞིན་རྒྱུ་ནོར་གྱི་ཕན་འབྲས་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། གཞན་ཁོངས་རང་སའི་དཔལ་འབྱོར་སོགས་འཛུགས་སྐྲུན་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ“རང་བརྟེན”ནུས་པ་ཆེ་རུ་བཏང་ཡོད།
          ཤེས་རྟོགས་བྱས་པར་གཞིགས་ན། དབུལ་སྐྱོར་གྱི་འདུ་འགོད་ཆེན་པོ་བརྒྱད་ལག་བསྟར་བྱུང་བ་དེས་མགོ་ལོག་ཀྲོའུ་ཡིས་སྟོབས་ཤུགས་གཅིག་སྒྲིལ་ངང་ཞན་ཆ་གསབ་རྒྱུ་དང་གཙོ་གནད་དམ་འཛིན། ཉམས་ཞན་སྟོབས་ཆེར་གཏོང་ཐུབ་པ་བཅས་དང་འབྲེལ། ཕྱོགས་མང་དང་ཟུར་ཚད་མང་བ། ཁྱབ་རྒྱ་མང་བ་བཅས་ཀྱི་སྒོ་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་སྟོབས་དང་ལྡན་པའི་རྣམ་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་དམིགས་ཚད་དང་ལས་འགན་སྔོན་དཔག་ལྟར་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།