འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རང་རྒྱལ་གྱི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གན་རྒྱའི་དངུལ་འབོར་སྒོར་
    དུང་ཕྱུར་7.89ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་9ཉིན། ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་《2017ལོའི་ཀྲུང་གོའི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་འཕེལ་རྒྱས་ཀྱི་སྙན་ཞུ་》ལས་མངོན་པར། 2017ལོར་རྒྱལ་ཡོངས་སུ་ཡིད་རྟོན་མངགས་བཅོལ་ཀུང་སི་24དང་དགེ་སྒྲུབ་རྩ་འཛུགས་7གྱིས་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་ཐོན་རྫས་ཁག་44ཐོ་འགོད་བྱས་པ་དང་ཐོག་མའི་མ་དངུལ་སྒོར་དུང་ཕྱུར་6.94ཟིན་པ་དང་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་7.89ཟིན་ཡོད་པ་རེད།
         སྙན་ཞུ་ལས་མངོན་པའི་ཁྱབ་ཁོངས་ནས་བལྟས་ན། སློབ་གསོ་དང་། དབུལ་སྐྱོར། བྱིས་པ། རྒན་སྐྱོར། ཁོར་ཡུག་སྲུང་སྐྱོང་སོགས་སྤྱི་ཕན་དགེ་སྒྲུབ་ཁྱབ་ཁོངས་ཁག་མང་པོ་ཞིག་དང་འབྲེལ་བ་དང་དེའི་ཁྲོད་དབུལ་སྐྱོར་དཀའ་སེལ་ཐད་དོ་སྣང་མང་ཤོས་ཐོབ་ཡོད། དུས་བཀག་གྲུབ་ཆ་ནས་བལྟས་ན། དུས་ཡུན་ལོ་5ཡན་དང་དེ་བཞིན་རྒྱུན་མཐུད་རང་བཞིན་གྱི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གྱི་བཟུང་ཚད་56.8%ཟིན་པ་དེ་ལས་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གྱི་རྒྱུན་སྲིང་རང་བཞིན་གྱི་ཁྱད་ཆོས་མངོན་ཡོད། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་ཚང་མར་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་བཙུགས་ཡོད། ཤར་རྒྱུད་དུ་ཐོ་འགོད་ལེགས་སྒྲུབ་བྱེད་མང་ཤོས་ཡིན་པ་དང་ཁག་23ཟིན་ནས་52.3%བཟུང་བ་དེ་2016ལོ་དང་བསྡུར་ན་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་ལས་སྒོ་རིམ་བཞིན་འཕར་བ་དང་བཅུ་ཆ་ལྔ་ཙམ་ཟིན་ཡོད།
         སྙན་ཞུའི་ནང་ཕྱོགས་སྡོམ་བྱེད་སྐབས། 2017ལོར་ཡིད་རྟོན་མངགས་བཅོལ་ཀུང་སི་དང་དགེ་སྒྲུབ་རྩ་འཛུགས་ཀྱི་སྣ་མང་ཅན་གྱི་ལག་ལེན་འཚོལ་ཞིབ་ལས་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གྱི་འཕེལ་རྒྱས་གསོན་ཤུགས་གང་ལེགས་མངོན་ཡོད། དགེ་སྒྲུབ་ཡིད་རྟོན་རྒྱུ་ནོར་ཐོ་འགོད་ལམ་ལུགས་དང་ཁྲལ་བསྡུའི་གཟིགས་སྐྱོང་ལམ་ལུགས་སོགས་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་སྦྲགས་སྤྱི་དམངས་ཀྱི་ཤེས་རྟོགས་ཐུབ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་ལས་སྒོའི་རྣམ་པའང་དེ་བས་སྣ་མང་ཅན་དུ་གྱུར་ནས་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་གསར་གཏོད་འཚོལ་ཞིབ་རྒྱུན་མཐུད་དང་གཏིང་ཟབ་བྱ་རྒྱུ་ཡིན་པ་བསྟན་ཡོད།
         ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་ཨུ་ལྷན་2016ལོར་བཙུགས་པ་དང་། དེ་ནི་རང་རྒྱལ་གྱི་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་གྱི་ལས་རིགས་མཉམ་འབྲེལ་སྒྲིག་གཞི་ཐོག་མ་དེ་རེད། ཨུ་ལྷན་དེའི་འབྲེལ་ཡོད་འགན་འཁུར་བས་དགེ་སྒྲུབ་རྩ་འཛུགས་དང་ཡིད་རྟོན་མངགས་བཅོལ་སྒྲིག་གཞིས་དབུལ་སྐྱོར་དགེ་སྒྲུབ་ཀྱི་ཡིད་རྟོན་མངགས་བཅོལ་ཐད་ལག་ལེན་གྱི་ཉམས་མྱོང་མང་པོ་ལྡན་མོད། འོན་ཀྱང་རིགས་པའི་གཞུང་ལུགས་ཀྱི་རིམ་ངོས་སུ་སླེབས་མེད། དེར་བརྟེན་ཨུ་ལྷན་དེས་2018ལོར་དབུལ་སྐྱོར་དགེ་སྒྲུབ་ཡིད་རྟོན་མངགས་བཅོལ་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།