འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཞབས་ཞུ་ལེགས་པ། བདེ་འཇགས་འགན་ལེན། དྲོ་སྐྱིད་སྦྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་བྱེད་མང་ཤོས་ཀྱི་དུས་སུ་སླེབས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་920ལས་བརྒལ་བ་དང་དུས་མཚུངས་དཔྱིད་གསར་དུས་ཆེན་གྱི་དངོས་ཟོག་དང་གློག་དང་རྡོ་སོལ་སྐྱེལ་འདྲེན་གྱི་གནོན་ཤུགས་ཆེན་པོ་ཡོད། ས་གནས་ཁག་གི་ལྕགས་ལམ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུ་ལེགས་པ་དང་། བདེ་འཇགས་འགན་ལེན། དྲོ་སྐྱིད་སྦྱིན་པ་བཅས་བྱས་ནས་མང་ཚོགས་ལ་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་འདེགས་ཡག་པོ་ཞུས་ཡོད་པ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་ཁྲེང་ཏུའི་བབས་ཚུགས་ཤར་མའི་དུས་གཏན་མེ་འཁོར་གཏོང་ཚད་161.5ཟིན་པ་དང་། སི་ཁྲོན་ནས་འགྲོ་འོང་བྱེད་པའི་སྐྱེལ་འདྲེན་ནུས་པ་ཆེ་རུ་ཕྱིན་ཡོད། གཙོ་གནད་དང་དམིགས་བསལ་གྱི་འགྲུལ་པར་མགོ་འཇུག་གཙང་སྒྲིལ་གྱི་ཞབས་ཞུའི་ལམ་སྲོལ་བཟོས་ཏེ་ཁ་པར་ཐོག་ནས་སྔོན་མངགས་བྱེད་པ་དང་གཅེས་སེམས་བརྒྱུད་སྤྲོད་སོགས་ཀྱི་མཉམ་འགུལ་ཞབས་ཞུ་བྱས་ནས་དམིགས་བསལ་དང་གཙོ་གནད་ཀྱི་འགྲུལ་པར་སེམས་ཁྲལ་མེད་པར་བབས་ཚུགས་སུ་ཡོང་བ་དང་། སེམས་ཁྲལ་མེད་པར་མེ་འཁོར་སྒུག་པ། སེམས་ཁྲལ་མེད་པར་མེ་འཁོར་སྡོད་པ། སེམས་ཁྲལ་མེད་པར་བབས་ཚུགས་ནས་ཐོན་པ་སོགས་མངོན་འགྱུར་བྱུང་ཡོད་པ་རེད།
         འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ཁྲོད། ཅང་ཤིས་ཅིང་ཏེ་གྲོང་རྡལ་གྱི་བབས་ཚུགས་བྱང་མས་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་དེ་བསུས་ཤིང་། 2017ལོའི་ལོ་མཇུག་ཏུ་ཅིའུ་ཅིང་ཆུས་ལྕགས་ལམ་གཉེར་སྐྱེང་བྱེད་འགོ་ཚུགས་པ་དང་། ཅིང་ཏེ་གྲོང་རྡལ་བབས་ཚུགས་བྱང་མ་ལྕགས་ལམ་ལམ་ཐིག་དེའི་ཐོག་གསར་སྐྲུན་བྱས་པའི་འགྲུལ་སྐྱེལ་བབས་ཚུགས་ཆེ་ཤོས་སུ་གྱུར་ཡོད། འགྲུལ་པར་མེ་འཁོར་བབས་ཚུགས་གསར་པ་དང་རྙིང་པ་བརྗེ་བར་སྟབས་བདེ་བསྐྲུན་པ་དང་འགྲུལ་པར“མཐའ་མའི་འགག་གནད”ཀྱི་ཞབས་འདེགས་ཞུ་ཆེད། ཅིང་ཏེ་གྲོང་རྡལ་བབས་ཚུགས་བྱང་མས་རང་འགུལ་ངང་ས་གནས་དེ་གའི་སྤྱི་པའི་འགྲིམ་འགྲུལ་སྡེ་ཚན་དང་འབྲེལ་མཐུད་བྱས་པ་དང་མེ་འཁོར་བབས་ཚུགས་ཀྱི་དུས་ཚོད་རེའུ་མིག་མཁོ་འདོན་བྱས་པ་མ་ཟད། གྲོང་ཁུལ་ནས་བབས་ཚུགས་དབར་སྐྱེལ་འདྲེན་རླངས་འཁོར་གྱི་ཐེངས་གྲངས་མང་དུ་བཏང་ཡོད་པ་རེད།
         མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་རིང་། གློག་ལམ་གྱི་བདེ་འཇགས་འགན་ལེན་བྱེད་པ་ནི་འགག་རྩ་ཡིན་པ་དང་རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཝུན་ལིང་གྲོང་ཁྱེར་གློག་གཏོང་ཚད་ཡོད་ཀུང་སིས“དཔྱིད་གསར་སྐྱེལ་འདྲེན”གློག་གཏོང་འགན་ལེན་དུས་གཏན་རིང་གི་དམིགས་བསལ་སྐོར་ཞིབ་ལས་དོན་སྤེལ་བ་དང་གློག་གཏོང་ལས་དོན་མི་སྣས་མྱུར་བགྲོད་ལྕགས་ལམ་གྱི་གློག་ཁོངས་དང་མྱུར་བགྲོད་ལྕགས་ལམ་སྒྲོལ་བའི་སྐོར་སྐྱོད་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་དམར་ཕྱིའི་ཐིག་གིས་དྲོད་ཚད་ལེན་དང་། གློག་སྦྱོར་གྱི་དུས་ཚོད་ཐུང་དུ་གཏོང་བ། གློག་སྒྱུར་སྒྲིག་ཆས་ལ་དུས་ངེས་གཏན་ངང་སྐོར་ཞིབ་བཅས་བྱས་ནས་སྒྲིག་ཆས་ཀྱི་སྐོར་ཞིབ་དང་ལྟ་སྐུལ་གནད་ལ་འཁེལ་བའི་འགན་ལེན་བྱས་ཡོད་པ་རེད།
         ཉེ་དུས་ས་ཆ་མང་ཆེ་བར་དྲོད་ཚད་ཆག་པར་བརྟེན་རྡོ་སོལ་སྤྱོད་ཚད་ཀྱང་མཐོ་རུ་ཕྱིན་ཡོད། རྡོ་སོལ་སྐྱེལ་འདྲེན་ལས་དོན་ཡག་པོ་བསྒྲུབས་ནས་མི་སེར་ལ་དུས་ཐོག་ཏུ་དྲོད་མཁོ་འདོན་བྱ་རྒྱུ་འགན་ལེན་བྱ་ཆེད། ཤིས་ཨན་ལྕགས་ལམ་ཅུས་ཚོགས་པ་ཡན་ཨན་མེ་འཁོར་འཁོར་དོན་སྡེ་ཚན་གྱིས་ཧྲའན་ཤིས་རྡོ་སོལ་ཚོགས་པ་དང་། ཆིན་མའེ་སྡེ་ལས་ཚོགས་པ། ཧྲེན་ཧྭ་ཚོགས་པ་སོགས་དང་འབྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གློག་དང་རྡོ་སོལ་སྐྱེལ་འདྲེན་ཐད“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།