འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་གཞི་རིམ་དུ"གསོན་ཉམས་
    ལྡན་པའི་ངང་རྒྱུད་འཛིན"བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་གཞི་རིམ་དུ'གསོན་ཉམས་
ལྡན་པའི་ངང་རྒྱུད་འཛིན'བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན། གསར་འགོད་པས་2018ལོའི་བོད་ལྗོངས་ཀྱི་དྲ་སྦྲེལ་སྨྱན་སྦྱོར་དང་ལྷན་དུ"ལོ་གསར་ལ་གཞི་རིམ་དུ་བསྐྱོད་པ"ཞེས་པའི་བྱེད་སྒོར་ལྷོ་ཁ་གྲོང་ཁྱེར་དུ་བཅར་འདྲིར་བསྐྱོད་པ་ཡིན། བྱེད་སྒོ་འདིའི་བརྗོད་དོན་གཙོ་བོ"དུས་རབས་གསར་པ། ཕུགས་འདུན་གསར་པ"ཡིན་པ་རེད།
         བྱེད་སྒོའི་ཁྲོད། ལེ་ཚན"བཀྲ་ཤིས་པའི་ལྷ་མོ"དང"ལང་ཚོའི་སྟངས་སྟབས"ཞེས་པའི་བྲོ་སོགས་ལ་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། 2009ལོར། ལྷ་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི་》ནང་བཅུག་པ་རེད། རྔ་བྲོར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་ཅིང་། ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད་པ་རེད།
         སྒོར་གཞས་ནི་བོད་ཁུལ་གྱི་དམངས་ཁྲོད་བྲོ་གར་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཡིན་པ་རེད། 
         གྲོང་ཚོ་དེའི་གྲོང་མི་འཕྲིན་ལས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། སྒོར་གཞས་འཁྲབ་རྒྱུ་ནི་བོད་ལྗོངས་སུ་མང་ཚོགས་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ཡིན་པ་རེད།
         བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁང་གྲོང་ཚོའི་གྲོང་མི་བསོད་ནམས་བདེ་སྐྱིད་ཀྱིས། "བོད་ལྗོངས་ཀྱི་གཞི་རིམ་ཞིང་འབྲོག་མང་ཚོགས་རྣམས་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་སྣ་ཚོགས་ལ་དགའ་པོ་ཡོད་པ་རེད། འདི་ནི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་སྐྱེ་སྟོབས་གནས་ས་ཡིན་པའི"འདོད་ཚུལ་འཛིན་པ་རེད། 
    【1】  【2】
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་གཞི་རིམ་དུ'གསོན་ཉམས་
ལྡན་པའི་ངང་རྒྱུད་འཛིན'བྱས་པ།
    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་གཞི་རིམ་དུ'གསོན་ཉམས་
ལྡན་པའི་ངང་རྒྱུད་འཛིན'བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།