འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་པས་སྙིང་རྩ་འགག་པའི་ནད་ཀྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ཞིབ་
    སྤེལ་བྱས་པར་ཚད་བརྒལ་གསར་པ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སུའོ་དེའི་ཞིབ་འཇུག་པ་ཝུའུ་དབྱི་ཧུའེ་ཡི་ཚོགས་པས་འོད་སྐུད་ཟུར་སྦྱོར་ཡོ་ཆས་ཀྱི་རྨང་གཞིའི་ཐོག་ཚད་མེད་ཚོར་སྐྱེན་ཚད་ལས་འདས་པའི་སྐྱེ་དངོས་ཚོར་ཆས་སྤྱད་དེ་འབྲེལ་ཡོད་ཁྱབ་ཁོངས་ནང་ཚོར་སྐྱེན་ཆེ་ཤོས་དེས་སྙིང་རྩ་འགག་པ་དང་འབྲས་སྐྲན་སོགས་སྐྱེ་དངོས་ཀྱི་མཚོན་བྱེད་དངོས་པོ་ཞིབ་བཤེར་ཚད་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བསྟན་ཡོད།
          ཚོགས་པའི་ཁོངས་མི་གཙོ་བོ་ཀྲོའུ་ཝུན་ཁྲའོ་ཡིས་དོས་དྲག་གི་སྙིང་རྩ་འགག་པའི་ནད་ནི་ནད་ཐོག་སྨན་བཅོས་ཐོག་རྒྱུན་མཐོང་གི་དོས་དྲག་ཕོག་སླའི་ནད་རིགས་ཤིག་ཡིན། དུས་འགོའི་སྨན་བཅོས་བྱུང་ཚེ། ནད་གཞི་དེ་ལས་ཤི་ཚད་ཉུང་དུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
         ཞིབ་འཇུག་བྱས་འབྲས་གལ་ཆེན་དེ་ཉེ་ཆར་རྒྱལ་སྤྱིའི་དུས་དེབ་《སྐྱེ་དངོས་ཚོར་འདྲེན་དང་སྐྱེ་དངོས་གློག་རྡུལ་རིག་པའི་》ཐོག་བཏོན་ཡོད། རྣམ་གྲངས་དེར་ད་དུང་ཀྲུང་གོ་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་ཆེད་དོན་རྣམ་གྲངས་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ཚན་ཞིབ་ཡོ་ཆས་གལ་ཆེན་གྱི་ཞིབ་བཟོའི་རྣམ་གྲངས་སོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།