འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བོད་རིགས་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་དང་ཤིན་ཏུ་དབུལ་
    པོའི་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་12ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོར། མཚོ་སྔོན་གྱིས་གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། རྨང་གཞི་བརྟན་གཏོང་། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་དམིགས་ཏེ་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན། བདེ་ཐང་དབུལ་སྐྱོར། མི་རིགས་ཀྱི་གསོ་རིག་རྒྱུན་འཛིན་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་དགུ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱ་རྒྱུ་རེད།
          ཚོགས་འདུའི་ཐོག་2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱེད་རྒྱ་ཆེ་རུ་བཏང་ནས་ཞིང་ཆེན་འདིའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་གླ་ཕོགས་ལམ་ལུགས་འཛུགས་རྒྱུ་དང་། སྤྱི་ཕན་རང་བཞིན་ཕྱོགས་སྟོན་དུ་འཛིན་པའི་དཔྱད་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལོའི་ནང་རིམ་གཉིས་ཡན་གྱི་གཞུང་བཙུགས་སྨན་ཁང་30%ཡིས་སྲོལ་ཡིག་བཟོ་བའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་རིམ་གསུམ་གཞུང་བཙུགས་སྨན་ཁང་གིས་རྩིས་པ་ཆེ་མོ་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ། ཆ་སྙོམས་ཞོར་གྲོན་དང་གྲོན་དངུལ་བསྡོམས་འབོར་གྱི་འཕར་ཚད་དང་སྨན་གྱིས་བཟུང་བའི་བསྡུར་ཚད་སོགས་གཞུང་བཙུགས་སྨན་ཁང་གི་དམིགས་ཚད་འགན་འཁྲི་དང་ལས་རྗེས་གླ་ཕོགས་ཀྱི་དཔྱད་ཞིབ་ཁྱབ་ཁོངས་ནང་འཇུག་རྒྱུ། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་ལེགས་སུ་ཧུར་ཐག་བཏང་ནས་ཞིང་ཆེན་རིམ་པའི་ཁུལ་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་། གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པ། རྫོང་ཁོངས་ཀྱི་སྨན་ཁང་མཉམ་འབྲེལ་འཕྲོད་བསྟེན་སྒྲིག་གཞི་བཅས་སུ་སྨན་དོན་མི་སྣའི་ལས་གཉེར་ཚད་བཀག་མེད་པ་བཟོ་རྒྱུ། སྨན་བཅོས་སྒྲིག་གཞི་དང་དམངས་ཡོངས་བདེ་ཐང་ཆ་འཕྲིན་ལས་སྟེགས་ཀྱི་མཉམ་འབྲེལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ། རྒྱང་འཁྲིད་ནད་དཔྱད་ཀྱི་དྲ་སྦྲེལ་ལས་སྟེགས་ནུས་པ་འདོན་སྤེལ་བྱ་རྒྱུ། སྤུས་ལེགས་ཐོན་ཁུངས་གཤམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ། གཞི་རིམ་དུ་ཐོག་མའི་ནད་བརྟག་སྨན་བཅོས་བྱེད་ཚད་མཐོ་རུ་གཏོང་རྒྱུ། ལོའི་ནང་གྲོང་ཁྱེར་(ཀྲོའུ)ཁག་ཏུ་གྲུབ་འབྲས་མངོན་གསལ་དོད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་1ནས་2བར་བསྐྲུན་རྒྱུ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཚང་མར་ཁྱབ་ཚད་བརྟན་དུ་བཏང་ནས་གན་འཇོག་བྱེད་ཚད་90%ལས་མི་དམའ་བ་བྱ་རྒྱུ་ཡིན་པ་བཅས་བསྟན་ཡོད།
          ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་མཁོ་སྤྲོད་འགན་སྲུང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྨན་རྫས་ཉོ་ཚོང་གི“སྤ་སེ་གཉིས་ཀྱི་ལམ་ལུགས”དོན་འཁྱོལ་དང་ཉོ་སྒྲུབ་གྲངས་གཞི་མཉམ་འབྲེལ་སྦྲེལ་མཐུད་དང་གྲངས་གཞི་མཉམ་སྤྱོད་མངོན་འགྱུར་ཐུབ་པ་བྱས་ཏེ་ཞིང་ཆེན་རིམ་པའི་གཅིག་སྡུད་ཉོ་སྒྲུབ་ལས་སྟེགས་འོས་ཐོན་བྱུང་ཚད་དང་དྲ་ཐོག་ཏུ་བཙོངས་པའི་སྨན་རྫས་དང་སྨན་བཅོས་ཡོ་ཆས་ཉོ་སྒྲུབ་བྱེད་ཚད་100%ཟིན་པ་བྱེད་དགོས། རྫོང་ཁོངས་ཀྱི་སྨན་ཁང་མཉམ་འབྲེལ་འཕྲོད་བསྟེན་སྒྲིག་གཞིའི་ནང་སྨན་རྫས་གཅིག་གྱུར་ཉོ་སྒྲུབ་དང་གཅིག་གྱུར་སྡེབ་སྐྱེལ་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་སྨན་རྫས་སྡེབ་སྐྱེལ་བྱེད་ཚད་100%ཟིན་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
          ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་དང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་བྱ་སྤྱོད་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ“ཁག་གཅིག་གསུམ”གྱི་བྱ་སྤྱོད་ལ་གནད་སྨིན་སྐུལ་འདེད་གཏོང་བ་དང་། ནད་ཆེན་གཅིག་སྡུད་ཐོག་སྨན་བཅོས་བྱ་རྒྱུ་ཚང་མར་ཁྱབ་པ་བྱེད་པ། “གན་འཇོག་གཉིས”ཀྱི་ཞབས་ཞུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “བདེ་ཐང་སྲུང་སྐྱོང”གི་ཚོང་ལས་ཁ་གསབ་འགན་བཅོལ་ཕྱོགས་ཡོངས་ནས་འཛུགས་པ་བཅས་བྱས་ནས་རིམ་ལྡན་འཕྲོད་བསྟེན་གྱི་ཁ་གཏད་རོགས་སྐྱོར་དང་། “སྦྲེལ་མཐུད་གཅིག་དང་རོགས་སྐྱོར་གཉིས” ས་ཚིགས་འབྲེལ་བའི་ཆ་སྒྲིག་བཅས་ཀྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་དང་། མི་འབོར་དབུལ་པོའི་ནད་ཆེན་གཅིག་སྡུད་ཐོག་སྨན་བཅོས་བྱེད་ཚད་100%ཟིན་པ་བྱ་རྒྱུ། ཐུམ་འབུའི་ནད་ཀྱི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་སྨན་བཅོས་ནུས་པ་གཙོ་གནད་ཐོག་ཆེ་རུ་བཏང་ནས་དུས་ཐོག་ཏུ་ནད་བརྟག་དང་ཡུལ་དེ་རང་དུ་སྨན་བཅོས་ཐུབ་པ་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུ་ཡིན་ལུགས་བཅས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།