འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རང་རྒྱལ་གྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་
    མཚུངས་ལས་11.1%འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་2017ལོར་རང་རྒྱལ་གྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་1265.1ཟིན་པ་དེ་དུས་མཚུངས་ལས་11.1%འཕར་བའི་ནང་རིག་གནས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་971.2ཟིན་པ་དེ་དུས་མཚུངས་ལས་10.2%འཕར་བ་དང་རིག་གནས་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་293.9ཟིན་པ་དེ་དུས་མཚུངས་ལས་14.4%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         རིག་གནས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། རིག་གནས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་881.9ཟིན་པ་དེ་དུས་མཚུངས་ལས་12.4%འཕར་བ་དང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་89.3ཟིན་པ་དེ་དུས་མཚུངས་ལས་7.6%ཆག་ཡོད་པ། གཏོང་མང་འདྲེན་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་792.6ཟིན་པའི་གཞི་ཁྱོན་ན་ནིང་གི་དུས་མཚུངས་ལས་15.2%ཆེ་རུ་ཕྱིན་པ་རེད།
         ཕྱིར་གཏོང་གྲུབ་ཆའི་འཕེལ་ཕྱོགས་ལེགས་སུ་ཕྱིན་ཞིང་། རིག་གནས་ཐོན་རྫས་ཕྱིར་གཏོང་གི་ལག་རྩལ་འདུས་ཚད་ཅུང་མཐོ་རུ་ཕྱིན་པ་དང་ཟུར་བསྣན་རིན་ཐང་ཆེན་པོ་ལྡན་པའི་རོལ་རྩེད་དང་སྒྱུ་རྩལ་ཡོ་བྱད་དང་། རོལ་རྩེད་མཁོ་ཆས། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་19.4%འཕར་བ་དེས་བསྡུར་ཚད་བཟུང་ཚད་བརྒྱ་ཆའི་གྲངས་2ནས་34.5%བར་མཐོ་རུ་ཕྱིན་ཡོད་པ་རེད།
         རྒྱལ་སྤྱིའི་ཁྲོམ་ར་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། ཨ་རི་དང་། ཀྲུང་གོའི་ཤང་ཀང་། ཧོ་ལན། དབྱིན་ཇི། རི་པིན་བཅས་ནི་ཀྲུང་གོའི་རིག་གནས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཁྲོམ་ར་ཨང་དང་པོ་ནས་ལྔ་པ་བར་ཡིན་པ་དེས་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་55.9%ཟིན་པ་དེ་ན་ནིང་ལས་བརྒྱ་ཆའི་གྲངས་1.8ཆག་པ། རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་ཨ་སྒོར་དུང་ཕྱུར་176.2ཟིན་ནས་18.5%འཕར་བ་དེས་བསྡུར་ཚད་བཟུང་ཚད་ཀྱི་བརྒྱ་ཆའི་གྲངས་1.3ནས་18.1%མཐོ་རུ་ཕྱིན་པ་དང“འབོ་གསེར་རྒྱལ་ཁབ”ཀྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་ཨ་སྒོར་དུང་ཕྱུར་43ཟིན་ནས་48%འཕར་ཡོད་པ་རེད།
         རྒྱལ་ནང་གི་ས་ཁོངས་བཀོད་སྒྲིག་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་ཞིང་། རིག་གནས་ཐོན་རྫས་ཕྱིར་གཏོང་སྔར་བཞིན་ཤར་རྒྱུད་ས་ཁུལ་དུ་གཅིག་སྡུད་བྱས་པ་དེ་དུས་མཚུངས་ལས་10.8%འཕར་ནས་རང་རྒྱལ་གྱི་རིག་གནས་ཕྱིར་གཏོང་དངུལ་འབོར་གྱི་93.4%བཟུང་བ་དང་། དབུས་ནུབ་ས་ཁུལ་དུ་ཕྱིར་གཏོང་འཕར་ཚད་མཐོ་བ་དང་འཕར་ཚད་43.5%ཟིན་པ་དེས་བསྡུར་ཚད་བཟུང་ཚད་ཀྱི་བརྒྱ་ཆའི་གྲངས་1.3ནས་6.1%བར་མཐོ་རུ་ཕྱིན་པ། བྱང་ཤར་ས་ཁུལ་དུ་ཕྱིར་གཏོང་བྱེད་ཚད་15.3%འཕར་བ་དེས་0.5%བཟུང་བ། ཀོང་ཏུང་དང་། ཀྲེ་ཅང་། ཅང་སུའུ་བཅས་རང་རྒྱལ་གྱི་རིག་གནས་ཐོན་རྫས་ཕྱིར་གཏོང་གི་ཨང་དང་པོ་ནས་གསུམ་པ་བར་ཡིན་པ་དང་བསྡོམས་འབོར་གྱིས་རིག་གནས་ཐོན་རྫས་ཕྱིར་གཏོང་གི་79.4%བཟུང་ཡོད་པ་རེད།
         ཀའོ་ཧྥུང་གིས་རིག་གནས་ཞབས་ཞུའི་ཐད་ནང་འདྲེན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ཕྱིར་གཏོང་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། རིག་གནས་ཞབས་ཞུ་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་232.2ཟིན་ནས་དུས་མཚུངས་ལས་20.5%འཕར་བའི་ནང་ཉན་ལྟ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཆོག་འཐུས་གྲོན་དངུལ་དང་རྩོམ་དབང་སོགས་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་བེད་སྤྱོད་གྲོན་དངུལ་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་52.1%དང་18.9%སོ་སོར་འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།