འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་ལན་གྱིས་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཁེ་ལས་ཀྱིས་ཀྲུང་གོར་ཚོང་ཟོག་ཕྱིར་ཚོང་བྱ་རྒྱུར་
    སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། ཕོ་ལན་གྱི་མ་འཇོག་ཚོང་དོན་ཅུས་ཀྱིས་ཝར་སོར་འཚོགས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཕོ་ལན་གྱི་ཁེ་ལས་ལ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ངོ་སྤྲོད་བྱས་ནས་ཕོ་ལན་གྱི་ཁེ་ལས་ལ་ཀྲུང་གོར་ཚོང་ཟོག་ཕྱིར་ཚོང་དང་ཞབས་ཞུ་སྒྲུབ་པར་རོགས་རམ་བྱས་པ་རེད།
         ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ལིའུ་ལིས་ཅོན་གྱིས་ཤིས་ཚིག་སྒྲོན་སྐབས་ཕོ་ལན་ནི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་ཡོ་རོབ་མནའ་འབྲེལ་དུ་བཟུང་བའི་གནས་བབ་ཀྱང་སྔར་བས་གལ་ཆེར་འགྲོ་བཞིན་ཡོད། ད་ཕན་ལོ་ཤས་རིང་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་ཡོད་ཅེས་བཤད། ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2017ལོར་ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་213ཟིན་པ་དེ་2016ལོ་ལས་20%འཕར་བ་དང་། དེའི་ནང་ཀྲུང་གོར་ནང་འདྲེན་བྱེད་ཚད་32%འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།