འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོས"དྲ་སྦྲེལ་+ཏང་འཛུགས་སྐྱོང"གི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། ཀན་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུས“དྲ་སྦྲེལ+ཏང་འཛུགས་སྐྱོང”ལས་དོན་ལ་འཚོལ་ཞིབ་དང་ཚོད་ལྟ་ཧུར་ཐག་བྱས་ནས“སྨྱན་སྦྱོར་གསར་པའི་ཁོར་ཡུག་འོག་རྩ་འཛུགས་ལས་དོན་དྲིལ་བསྒྲགས་ཀྱི་དྲ་མིག”འཛུགས་སྐྱོང་ལས་དོན་གསར་གཏོད་ཀྱིས་སྤེལ་ཏེ་དྲིལ་བསྒྲགས་སློབ་གསོས་ཏང་ཡོན་ལ་ཁྲིད་སྟོན་བྱེད་པའི་ནུས་པ་བཏོན་པ་དང་། ཏང་འཛུགས་སྐྱོང་གི་ལས་དོན་ཐད“གོང་རིམ་དང་འབྲེལ་ཐུབ་པ”མ་ཟད“གཤམ་འོག་ལའང་འབྲེལ་འདྲིས”ཐུབ་པ་བྱས་ཡོད།
         ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་མིག་སྔར་གཞི་རིམ་ཏང་རྩ་འཛུགས་3636དང་ཏང་ཡོན་63874ཡོད་ཅིང་། གྲངས་ཉུང་མི་རིགས་ཏང་ཡོན་གྱིས་ཏང་ཡོན་བསྡོམས་འབོར་གྱི་59%བཟུང་ཡོད། སྐད་བརྡ་མ་འཕྲོད་པ་དང་ལུང་ཁུག་ཏུ་གནས་པ་སོགས་ཀྱིས་རྐྱེན་པས་ཏང་འཛུགས་སྐྱོང་ལས་དོན་ཧ་ཅང་སྤེལ་ཁག་པོ་ཡོད་པ་རེད།
         གནས་ཚུལ་དེར་དམིགས་ནས། 2017ལོ་ནས་བཟུང་ཀན་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུས་ཀྲོའུ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས་དང་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ལ་བརྟག་དཔྱད་གཏིང་ཟབ་བྱས་ཡོད། ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། དྲི་ཤོག་བརྟག་དཔྱད། ཐབས་ལམ་དབྱེ་ཞིབ། ཕན་འབྲས་ཚུར་ལན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཀྲོའུ་ཡོངས་ཀྱི་རྩ་འཛུགས་ལས་ཀའི་དྲིལ་བསྒྲགས་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་དང་། ཀྲོའུ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་ཀན་ལྷོའི་ཏང་འཛུགས་སྐྱོང་གི་རྒྱ་ཡིག་དྲ་ཚིགས་གསར་རྐྱང་རིམ་སྤོར་བྱས་པ་མ་ཟད་འབྲོག་ཁུལ་གྱི་ཏང་ཡོན་ཁག་གཅིག་གིས་རྒྱ་ཡིག་མི་ཤེས་པའི་དོན་དངོས་ལ་དམིགས་ཏེ་བོད་ཡིག་གི་ཀན་ལྷོའི་ཏང་འཛུགས་སྐྱོང་གི་དྲ་ཚིགས་ཀྱང་བཏོད་ཡོད།
         ཀན་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུས་ཀྲོའུ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་གཙོ་ཆེའི་དྲ་ཚིགས་དང་། སྐད་འཕྲིན་སྤྱི་རྟགས། གཞུང་ཕྱོགས་དཔོད་ཆུང་། གལ་ཆེའི་གསར་འགྱུར་སྤྱི་རྟགས། ལས་ཀའི་ཚོགས་པ་སོགས་བསྡུ་སྒྲིལ་བྱས་པའི་རྨང་གཞིའི་ཐོག“ཀན་ལྷོའི་རྩ་འཛུགས་ལས་ཀའི་དྲ་མིག”ཕྱོགས་བསྡུས་ཐོག་བཙུགས་པའི་ནང་སྲིད་དོན་དྲ་ཚིགས་8དང་། སྐད་འཕྲིན་སྤྱི་རྟགས་8 ཏང་དོན་ལས་ཀའི་ཚོགས་པ་26 གཞུང་ཕྱོགས་དཔོད་ཆུང་1 གལ་ཆེའི་གསར་འགྱུར་སྤྱི་རྟགས་1 བོད་རྒྱ་སྐད་གཉིས་ཀྱི་རླུང་འཕྲིན་འཕྲིན་ལམ་1བཅས་ཀྱི་ལེ་ཚན་ཚུད་ཡོད་པས། ཀན་ལྷོ་ཀྲོའུ་ཡི་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་རྩ་འཛུགས་ཁོངས་གཏོགས་ཀྱི་སྨྱན་སྦྱོར་གསར་པའི་ཡོངས་བསྒྲགས་ལས་སྟེགས་གཅིག་ཏུ་འདུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།