འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ལྔ་པའི་རྩིག་རྨང་དངོས་སུ་བཏིང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ལྔ་པའི་རྩིག་རྨང་དངོས་སུ་བཏིང་བ།
         མི་དམངས་དྲ་བའི་འཕྲིན། ཉིན་20བསྟུད་མར་ཨར་ལས་བྱས་པ་བརྒྱུད། ཟླ་2ཚེས་7ཉིན་ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ལྔ་པ་སྟེ་ལོའོ་སི་ཧའེ་མཚོ་ཁུག་གི་ས་ཚིགས་གསར་པ་ཨེན་ཁེ་སིའི་གླིང་ཕྲན་ཐོག་དངོས་སུ་རྩིག་རྨང་འདིང་འགོ་ཚུགས་པ་རེད།
         རང་རྒྱལ་གྱི་ལོའོ་སི་ཧའེ་མཚོ་ཁུག་གི་ས་ཚིགས་གསར་པ་སྔོན་དཔག་བྱས་ན་ལོ་4ཡི་རྗེས་བསྐྲུན་ཟིན་རྒྱུ་ཡིན་པ་དང་། སྐབས་དེ་དུས་ལོ་ཧྲིལ་པོའི་ཚན་རིག་རྟོག་ཞིབ་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་ཚན་རིག་དང་མཐུན་པའི་བརྟག་དཔྱད་ཀྱི་ཆ་རྐྱེན་འཛོམས་ནས་རྒྱང་ཁྲིད་དུས་ཐོག་གི་ལྟ་སྐུལ་ཚོད་འཛིན་ཐུབ་རྒྱུ་དང་མཁའ་འགྲུལ་གྱི་ལས་སྒྲུབ་ཐུབ་རྒྱུ་ཡིན་པ་དེ་རང་རྒྱལ་གྱི“བྱེད་ནུས་ཆ་ཚང་བ་དང་། སྒྲིག་ཆས་སྔོན་ཐོན། ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་བློས་འགེལ་ཆོག་པ། རྒྱལ་སྤྱིའི་སྔོན་ཐོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གསར་གཏོད”བཅས་ཀྱི་དེང་རབས་ཅན་གྱི་ལྷོ་སྣེའི་རྟོག་ཞིབ་ས་ཚིགས་ཤིག་ཏུ་འགྱུར་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ཐད་འཕུར་གནམ་གྲུའི་ཐོག་ནས་བླངས་པའི་ཨེན་ཁེ་སི་གླིང་ཕྲན་ཐོག་གི་ཀྲུང་གོའི་ལོའོ་སི་ཧའེ་མཚོ་ཁུག་གི་ས་ཚིགས་གསར་པ་འཛུགས་སྐྲུན་བྱེད་བཞིན་པའི་པར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།