འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁའི་གཏེར་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་སྲིད་པའི་
    ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གི་མཐོ་རིམ་དོ་དམ་པ་མ་ཁེ·པུན་ཁུའུ་མུས་ཚེས་8ཉིན་ཁའེ་ཕུའུ་ཏུན་དུ་རྒྱལ་སྤྱིའི་གཏེར་ལས་ཚོགས་ཆེན་ཐོག་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་མུ་མཐུད་འཕར་བ་དང་། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་ཕྱིན་པ། ལག་རྩལ་གསར་པ་བེད་སྤྱོད་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་སོགས་རྒྱུ་རྐྱེན་གྱིས་ཨ་ཧྥེ་རི་ཁའི་གཏེར་ལས་ལ་ཉེ་བའི་ལོ་བཅུའི་རིང་གི་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་འཕྲད་སྲིད་ཅེས་བཤད།
         པུན་ཁུའུ་མུས་གཏེར་ལས་ཀྱིས་ཨ་ཧྥེ་རི་ཁའི་སྐམ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་གནས་བབ་བརྟན་པོ་ཡོད་པའི་རྒྱལ་ཁབ་ལ་ཕན་པ་མང་པོ་ཐོབ་སྲིད་པ་དང་། པོ་ཚི་ཝ་ན་དང་། ན་སྨི་པི་ཡ། ཀག་ན། ཁོ་ཐེ་ཏི་ཝོར། ཙན་པི་ཡ་སོགས་རྒྱལ་ཁབ་ཏུ་ལས་རིགས་ཀྱི་དུས་འཁོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པ་མ་ཟད། སྡེ་ཁུལ་འཕེལ་རྒྱས་འགྲོ་བའི་དོ་སྙོམས་ཀྱི་བཅའ་ཁྲིམས་མ་ལག་ལ་ཕན་ཚུན་ལྟ་རྟོག་བྱས་པས། རྒྱལ་ཁབ་དེ་དག་ལ་མ་འཇོག་ལས་སླ་པོར་བསྡུ་ལེན་ཐུབ་ངེས་རེད་ཅེས་བཤད།
         པུན་ཁུའུ་མུས་ཀྲུང་གོའི་བཟོ་ཚོང་དངུལ་ཁང་ཚུད་པའི་ཀྲུང་གོའི་དངུལ་རྩའི་སྒྲིག་གཞི་མང་པོ་ཞིག་གིས་ཨ་ཧྥེ་རི་ཁའི་ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རོགས་རམ་མང་པོ་བྱས་པ་ཚུད་ཡོད། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་བྱུང་ཚེ་ཨ་ཧྥེ་རི་ཁའི་ཐོན་ཁུངས་གཞི་ནས་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།