འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་མ་རྩ་སྒོར་དུང་ཕྱུར་360བཏང་ནས་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་
    ཨར་འདམ་ལམ་སྐྲུན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀན་སུའུ་ཞིང་ཆེན་གྱིས་《དབུལ་སྒྲོལ་འགག་སྒྲོལ་ཡོང་རྒྱུར་རོགས་རམ་བྱས་ནས་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་ལམ་བསྐྲུན་མགྱོགས་སུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི་》དཔར་འགྲེམས་བྱས་ནས། འདི་ལོ་ནས་བཟུང་མ་རྩ་སྒོར་དུང་ཕྱུར་360བཏང་ནས“ཀྲོའུ་གཉིས་དང་རྫོང་གཅིག”(ཀན་ལྷོ་ཀྲོའུ་དང་། ལིང་ཤ་ཀྲོའུ། དཔའ་རིས་རྫོང་)དང་ཤིན་ཏུ་དབུལ་བའི་རྫོང་18ཀྱི་དུད་ཚང་30ཡན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་དང་དེ་བཞིན་རྫོང་དང་གྲོང་ཁྱེར་ཆུས་གཞན་གྱི་དུད་ཚང་50ཡན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་ལམ་དང་དེ་བཞིན་སྲང་ལམ་གཙོ་བོའི་ཨར་འདམ་ལམ་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད།
         ཇུས་གཞིའི་ནང་ཤིན་ཏུ་དབུལ་བའི་ས་ཁུལ་དང་དབུལ་སྒྲོལ་གྱི་ཞྭ་མོ་འབུད་རྩིས་ཡོད་པའི་རྫོང་ལ་སྔོན་དུ་ལག་ལེན་བསྟར་རྒྱུ་བཀོད་སྒྲིག་བྱས་པ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་མ་ལམ་དང་། རྫོང་དང་ཤང་གི་གཞུང་ལམ་ཡུག་གཅིག་ཏུ་སྦྲེལ་བ། ཐོན་ལས་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པའི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་ལམ་སྔོན་དུ་བསྐྲུན་རྒྱུ་བཅས་རེད། འདི་ལོ་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་17500དང་སྲང་ལམ་གཙོ་བོའི་ཨར་འདམ་ལམ་སྤྱི་ལེ་ཁྲི་4བསྐྲུན་རྒྱུ་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ལོ་འདིའི་ནང་སྤྱི་ལེ་ཁྲི་2བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་44%ཡི་ཨར་འདམ་ལམ་བསྐྲུན་ཟིན་པ་བྱ་རྒྱུ་དང་། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་70%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། བྱ་ཐབས་དེ་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་33370དང་འབྲེལ་བ་ཡོད་པ་དང་ཨར་འདམ་ལམ་བསྐྲུན་རྒྱུའི་ལམ་ཚད་སྤྱི་ལེ་ཁྲི་8.04ཟིན་རྒྱུ་དེས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མི་འབོར་90%ལ་ཕན་པ་ཐོབ་རྒྱུ་རེད།
         ཀན་སུའུ་ཞིང་ཆེན་གྱིས་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་ལམ་བསྐྲུན་རིང་། སྔར་ཡོད་ཀྱི་ལམ་གང་ཐུབ་སྤྱད་དེ་བསྐྱར་སྐྲུན་བྱེད་དགོས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དང་། ཞི་ལྷོད་ཁུལ། འཐུང་ཆུའི་ཆུ་ཁུངས་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་ཁུལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་འཛུགས་སྐྲུན་གཏན་འགོག་བྱས་པའི་ས་ཁོངས་ལས་གཡོལ་ཏེ་གཞི་ཁྱོན་ཆེ་བའི་ལམ་ཐིག་ལེགས་སྒྲིག་དང་། སྐོང་འདྲུ་ཆེན་པོ། རང་བྱུང་སྣོད་བཅུད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་བཅས་བྱེད་མི་རུང་བའི་བླང་བྱ་བཏོན་ཡོད། ལས་ཀའི་འཆར་གཞིར་གཞིགས་ན། རང་བྱུང་གྲོང་ཚོའི་དཔལ་འབྱོར་ཐོན་ལས་ཀྱི་ལམ་གཞིའི་ཞེང་ཚད་སྨི་5.5ལས་ཆུང་མི་ཆོག་པ་དང་། ལམ་ངོས་ཀྱི་ཞེང་ཚད་སྨི་4.5ལས་ཆུང་མི་ཆོག་པ། རང་བྱུང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་ལམ་གཞིའི་ཞེང་ཚད་སྤྱིར་ན་སྨི་4.5ལས་ཆུང་མི་ཆོག་པ་དང་ལམ་ངོས་ཀྱི་ཞེང་ཚད་སྨི་3.5ལས་ཆུང་ཆོག་གི་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།