འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྤྱི་ཚོགས་མ་རྩའི་ཀུང་སི་ཐོག་མ་དང་མཉམ་ལས་བྱས་ཏེ་དམིགས་བསལ་ཆོག་འཐུས་
    གཉེར་སྐྱོང་རྣམ་པའི་སྨན་ཁང་རྣམ་གྲངས་གཏན་འཁེལ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཤར་ཕྱོགས་རྒྱུ་ནོར་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཤར་ཕྱོགས་རྒྱུ་ནོར་དོ་དམ་མ་རྐང་ཚད་ཡོད་ཀུང་སི་དང་པེ་ཅིང་ཨེན་ཀྲེན་སྨན་ཁང་གིས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་པའི་མཉམ་ལས་ཐོག་ནས་བསྐྲུན་པའི་པེ་ཅིང་ཨེན་ཀྲེན་ཤར་ཕྱོགས་སྨན་ཁང་གི་རྣམ་གྲངས་ལ་ཉེ་ཆར་པེ་ཅིང་གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་རྣམ་གྲངས་གཏན་འཁེལ་གྱི་ཞིབ་དཔྱད་ཆོག་མཆན་ཐོབ་པ་དེ་ཐོག་ནས་རྣམ་གྲངས་དེ་ཉིད་ལག་ལེན་དངོས་སུ་བསྟར་བའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་རྒྱལ་ནང་གི་སྤྱི་ཚོགས་མ་རྩའི་ཀུང་སི་ཐོག་མས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་པའི་ཐོག་ནས་གཞུང་བཙུགས་སྨན་ཁང་དང་མཉམ་ལས་བྱས་ཏེ་སྨན་ཁང་གཉེར་བའི་རྣམ་གྲངས་ཤིག་ཡིན་པ་མ་ཟད། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གནད་ཁྱབ་ཁོངས་ཀྱི་མ་རྩ་གཏོང་བསྡུའི་ལམ་སྲོལ་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩར་ལྕག་སྐུལ་གཏོང་བའི་མཛུབ་ཁྲིད་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་པའི་གཙོ་གནད་རྣམ་གྲངས་ཞིག་ཀྱང་ཡིན་ཞིང་། སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་པེ་ཅིང་གྲོང་ཁྱེར་འཆར་འགོད་དང་གཞུང་ཁོངས་ས་ཆ་ཨུ་ལྷན་སོགས་སྡེ་ཚན་ནས་མཆན་འགོད་བཀའ་ལན་གྱི་བསམ་འཆར་ཐོབ་ཡོད། སྨན་ཁང་དེ་ཉིད་རྒྱལ་སྤྱིའི་དཔང་བདེན་ར་སྤྲོད་ཚད་གཞི་དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་རིམ་གསུམ་སྨན་ཁང་གི་ཚད་གཞི་ལྟར་བསྐྲུན་ནས་སྨན་བཅོས་དང་། ཚན་ཞིབ། སློབ་ཁྲིད་བཅས་གཞི་གཅིག་ཏུ་འདུས་པ་དང་། སྙིང་ཁམས་ཁྲག་རྩའི་ནད་གཞི་བཅོས་རྒྱུ་ཁྱད་ཆོས་སུ་བྱས་པའི་ཆེད་ཚན་གྱི་ཕྱོགས་བསྡུས་ཆེ་མོའི་སྨན་ཁང་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
         ད་ཐེངས་འཆར་འགོད་བྱས་པའི་ཨེན་ཀྲེན་ཤར་ཕྱོགས་སྨན་ཁང་གི་ས་ངོས་འཛུགས་སྐྲུན་གཞི་ཁྱོན་སྨི་ངོས་གྲུ་119000ཟིན་པ་དང་། ཉལ་ཁྲི་800བཀོད་སྒྲིག་བྱ་རྒྱུ་མ་ཟད་མ་དངུལ་སྒོར་དུང་ཕྱུར་25གཏོང་རྒྱུ་ཡིན་ཞིང་། ཤར་ཕྱོགས་རྒྱུ་ནོར་ཀུང་སིས་སྨན་ཁང་འཛུགས་སྐྲུན་གྱི་མ་འཇོག་དངུལ་དང་རྗེས་མཐུད་གཉེར་སྐྱོང་གི་འགན་འཁུར་རྒྱུ་ཡིན་པ་དང་། ཨེན་ཀྲེན་སྨན་ཁང་གིས་དོ་དམ་ཚོགས་པ་དང་སྨན་བཅོས་ལག་རྩལ་ཚོགས་པ་མངགས་ནས་གསར་སྐྲུན་སྨན་ཁང་གི་སྨན་བཅོས་ཆུ་ཚད་དེ་ཨེན་ཀྲེན་སྨན་ཁང་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ་རེད། སྨན་ཁང་དེའང་པེ་ཅིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་མ་རྩ་དང་མཉམ་དུ་སྨན་ཁང་གཉེར་བའི་ཚོད་ལྟའི་རྣམ་གྲངས་ཐོག་མར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།