འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཞིང་ཆེན་19ཡིས་བཅའ་ཁྲིམས་ཀྱི་ཞབས་ཞུ་སྲིད་གཞུང་གི་ཉོ་སྒྲུབ་དཀར་ཆག་
    ནང་འཇུག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་19ཡིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ས་གནས་དེ་གའི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ནང་བཅུག་སྟེ། བཅའ་ཁྲིམས་ཀྱི་ཞབས་ཞུ་སྲིད་གཞུང་གི་ཉོ་སྒྲུབ་དཀར་ཆག་ནང་འཇུག་རྒྱུ་རེད། འདི་ནི་ཚེས་8ཉིན་ཁྲིམས་འཛིན་པུའི་པུའུ་ཀྲང་གཞོན་པ་ཞུང་ཞོན་གོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུངས་པ་ཞིག་རེད།
         “ཁྲིམས་འཛིན་པུས་ཁྲིམས་འཛིན་སྲིད་འཛིན་སྒྱུར་བཅོས་ཀྱི་བསམ་འཆར་ནང་། བཀོད་སྒྲིག་རོགས་རམ་སློབ་གསོ་ཚུད་པའི་ཁྲིམས་རྩོད་པ་དང་། བདེན་དཔང་། ཁྲིམས་འཛིན་གྱི་ཆོད་སྡོམ། བཅའ་ཁྲིམས་ཀྱི་རོགས་སྐྱོར། མི་དམངས་ཀྱིས་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ནང་བཅུག་ཡོད། དེའི་དམིགས་ཡུལ་ནི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་པ་བརྒྱུད། རིམ་པ་མང་པོ་དང་། ཁྱབ་ཁོངས་མང་པོ། དམིགས་བསལ་ཁྱད་ཆོས་ཅན། འདྲ་མཉམ་དྲང་བདེན་གྱི་རིན་ཐང་མཚོན་པ་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད་རེད”ཅེས་ཞུང་ཞོན་གོས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཁྲིམས་འཛིན་པུས“12348”ཀྲུང་གོའི་བཅའ་ཁྲིམས་དྲ་བ་ནུས་ཤུགས་ཡོད་རྒུས་བཙུགས་ཏེ། “གྲོང་ཚོ་(སྡེ་ཁུལ་)གཅིག་ལ་བཅའ་ཁྲིམས་བློ་འདྲི་བ་གཅིག”གི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། བཅའ་ཁྲིམས་བློ་འདྲི་བའི་སྐད་འཕྲིན་ཚོགས་པ་འཚོལ་ཞིབ་བྱས་ཏེ་བཙུགས་པ། “12348”ཁ་པར་ཐད་འབྲེལ་ལས་སྟེགས་བཏོད་པ། ཀྲུང་གོ་ཁྲིམས་འཛིན་སྲིད་འཛིན་(བཅའ་ཁྲིམས་ཞབས་ཞུ་)གྱི་གྱོད་གཞིའི་མཛོད་བཙུགས་པ་སོགས་བྱས་པ་རེད།
         ཞུང་ཞོན་གོས་གོམ་སྟབས་རྗེས་མར་ཁྲིམས་འཛིན་པུས་འབྲེལ་ཡོད་འཆར་འགོད་གཞིར་བཟུང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་མགྱོགས་སུ་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།