འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི"ཁྲིད་སྦྱོང་ཁང"ཞིང་པ་ལས་མིའི་ཆེད་སྤྱོད་མེ་འཁོར་ཐོག་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་ཝུའུ་ཧན་ལྕགས་ལམ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་སྒྲིག་འཛུགས་འོག་ཝུའུ་ཧན་དུ་གླ་པ་རྒྱུགས་མཁན་ཨན་ཧྲི་དང་ལི་ཁྲོན་ནས་ཡིན་པའི་ཞིང་པ་ལས་མི་500ལྷག་ཙམ་ཝུའུ་ཁྲང་ནས་ལི་ཁྲོན་བར་གྱི་ཐེངས་D5702ཀྱི“གཅེས་སེམས་ཆེད་སྤྱོད་མེ་འཁོར”བསྡད་ནས་ཕ་ཡུལ་དུ་ལོག
         ཞིང་པ་ལས་མིའི“ཆེད་སྤྱོད་མེ་འཁོར”དེའི་ཐོག་ཝུའུ་ཧན་འགྲུལ་སྐྱེལ་ས་ཚིགས་ཀྱི་ལས་དོན་མི་སྣས་རྣམ་པ་གསར་གཏོད་ཀྱི་དུས་རབས་གསར་པའི་ཤུགས་འགྲེམས་མེ་འཁོར་གྱི“ཁྲིད་སྦྱོང་ཁང”གཉེར་བ་རེད། ཁོང་ཚོས་མེ་འཁོར་ཐོག་གླུ་གར་འཁྲབ་པ་དང་། རོལ་དབྱངས་ཟློས་གར་འཁྲབ་པ། ཤེས་བྱ་འགྲན་བསྡུར་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་ཞིང་པ་ལས་མིར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཚང་མས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པའི་སྤོབས་སེམས་དང་མིག་སྔའི་མཛེས་སྡུག་ལྡན་པའི་འཚོ་བའི་མྱོང་བ་ཆེ་རུ་བཏང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།