འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"མྱུར་ཚད་བཅག་པའི"ཀུ་ཤུ་ཁ་པར་སྒོར་218གྱི་གློག་རྫས་གསར་པ་བརྗེ་ཆོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་30ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “མྱུར་ཚད་བཅག་པའི་ཚུལ་གྱི་རྩོད་གཞིར་དམིགས་ནས། ཀུ་ཤུ་ཀུང་སི་ཡིས་དེ་སྔོན་ཁྱབ་བསྒྲགས་བྱས་པའི་རྣམ་པ་འདྲ་མིན་iPhoneགྱི་གློག་རྫས་རིན་གོང་སྒོར་608ནས་218བར་ཏེ་སྒོར་390བཅག་ཡོད་པ་རེད། ད་ལྟ། ཀུ་ཤུ་ཀུང་སི་གཞུང་གི་ཞིག་གསོ་ཁུལ་ནས་གོང་དུ་བཤད་པའི་རིན་གོང་གི་གློག་རྫས་བརྗེ་བའི་ཞབས་ཞུ་དང་ལེན་བྱས་ཆོག་པ་རེད། 2018ལོའི་ཟླ་12པའི་ཟླ་མཇུག་བར་དུ་ཞབས་ཞུ་བྱེད་རྒྱུ་ཡིན་པ་རེད། ཀུ་ཤུ་ཁ་པར་གྱི་ཞབས་ཞུ་བས། རྒྱལ་ཡོངས་ལ་ཡོད་པའི་ཀུ་ཤུ་ཁ་པར་ཞིག་གསོ་ལྟེ་གནས་གང་དུའང་རིན་པ་མི་དགོས་པར་ཞིབ་བཤེར་བྱས་ཆོག་པ་དང་། དུས་མཉམ་དུ་གློག་རྫས་བརྗེ་དུས་ཁ་པར་གྱི་བདག་པོར་བཙན་གནོན་ངང་མ་ལག་རིམ་སྤོར་བྱེད་དུ་མི་འཇུག་པ་དང་། པེ་ཅིང་གི་ཚོང་ཁང་ཁག་གི་འབྲེལ་ཡོད་ལས་མིས་ཀྱང་རྩད་ཞིབ་དང་ལེན་བྱེད་དུས་དེ་ལྟར་བྱེད་རྒྱུ་ཡིན་པ་བསྟན་པ་རེད། ད་ལྟ། སྔོན་མངག་བྱས་རྗེས་ཚོང་ཁང་དུ་སྒོར་218ཀྱི་གློག་རྫས་བརྗེ་ཆོག་པ་དང་། ཡུལ་དངོས་སུ་གློག་རྫས་ཡོད་པ་དང་། 
         ཞབས་ཞུ་བ་འདང་ངེས་ཡོད་པའི་གནས་ཚུལ་འོག  ཉིན་དེར་གློག་རྫས་བརྗེ་ཆོག་པ་རེད། 
         ཀུ་ཤུ་ཀུང་སི་གཞུང་གི་དྲ་བ་ནས་འབྲེལ་ཡོད་གསལ་བསྒྲགས་དུ་ཁས་ལེན་བྱས་ཡོད་ཅིང་། ཉམས་གསོའི་དུས་ཚོད་བརྒལ་ཟིན་པའི་གློག་རྫས་བརྗེ་བའི་རིན་གོང་ནི་སྒོར་608ནས་སྒོར་218བར་གཅོག་རྒྱུ་དང་། དེ་ནི་iPhone6དང་དེའི་རྗེས་ཀྱི་ཁ་པར་དག་གློག་རྫས་བརྗེ་དགོས་པའི་བདག་པོར་དམིགས་པ་དང་། གོ་ལ་ཡོངས་སུ་2018ལོའི་ཟླ་12ཚུན་དུ་རྒྱུན་བསྲིངས་རྒྱུ་ཡིན་པ་རེད། གསལ་བསྒྲགས་ནང་དུ་ད་དུང་ཁས་ལེན་བྱས་གསལ་དུ། 2018ལོའི་ལོ་འགོར། iOSམཉེན་ཆས་གསར་བསྒྱུར་གསལ་བསྒྲགས་སྤེལ་ཡོད་པ་དང་། དེའི་ཁྲོད་དུ་ནུས་པ་གསར་པར་བརྟེན་ནས་ཁ་པར་བདག་པོས་ iPhoneཡི་གློག་རྫས་ཉེན་ཁ་མེད་ཚུལ་ཧ་ཅང་གསལ་པོར་ཤེས་ཐུབ་ཀྱི་ཡོད་པ་རེད། ཁ་པར་བདག་པོས་མིག་མཐོང་ལག་ཟིན་ཐོག་ནས་གནས་ཚུལ་བཟང་ངན་ཤེས་རྟོགས་ཐུབ་པ་རེད། 
         གཞན་ཡང་། ཀུ་ཤུ་ཀུང་སིས་ཉེ་ཆར་iOS 11.3གསར་བརྗེའི་སྔོན་བརྡ་ཡང་བཏང་ཡོད་པ་དང་། iPhone6དང་iPhone6Plus、iPhone SE、iPhone6s、iPhone6sPlus、iPhone7、iPhone7Plusབཅས་ཀྱི་ཁ་པར་བེད་སྤྱད་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།